e-texts navigator
Collection
Volume
Page
Wylie

90b1 འཆར་བ་ཐུགས་ཡིན་པས། ། ཁྲོས་མ་ནག་མོ་བསྒོམ་པར་བྱ།། བརྟན་པར་བྱེད་པ་ཡོན་ཏན་ཏེ།། སེར་མོ་དོར་གྲུབ་བསྒོམ་པར་བྱ།། བར་ཆད་སེལ་བ་འཕྲིན་ལས་སྟེ།། སྣ་ཚོགས་མཐར་ཕྱིན་བསྒོམ་པར་བྱ།། རིམས་ཀྱིས་མ་ཡིན་ཅིག་ཅར་ཡིན།། རྒྱ་དང
90b2 འབུར་གྱི་ཚུལ་དུ་བྱ། ། ཡིག་འབྲུ་རྣམས་ཀྱི་གནས་ལུགསི་ན།། སྤྱི་གཙུག་བདེ་ཆེན་འཁོར་ལོ་ན།། བདེ་བྱེད་སྐུའི་ཡི་གེ་བཞི།། རང་བཞིན་རྩའི་གཟུགས་ཅན་ནོ།། མགྲིན་པ་ལོངས་སྤྱོད་འཁོར་ལོན།། གསུང་མཆོག་ཡི་གེ་རྣམ་བཞི་ནི།། རང
90b3 བཞིན་རྩ་ཡི་ཚུལ་དུ་གནས། ། སྙིང་ཁ་ཆོས་ཀྱི་འཁོར་ལོན།། ཐུགས་མཆོག་ཡི་གེ་རྣམ་བཞིན།། རྩ་ཡི་དབྱིབས་དང་འཐུན་པར་གནས།། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། བརྟན་བྱེད་ཡོན་ཏན་ཡི་གེ་བཞི།། དེ་ཡི་རང་བཞིན་རྩ་ཡི་དབྱིབས།། ཕྲིན
90b4 ལས་ཡི་གེ་རྣམ་བཞི་ནི། ། འི་རྒྱས་དབང་དྲག་ཡི་གེ་བཞི།། ལས་དང་རྗེས་འཐུན་གཟུགས་སུ་གནས།། སྙིང་པོ་ལྔའི་བཟླས་ཐབས་ནི།། ཕྱི་དང་ནང་དང་གསང་བ་དང་།། འཕྲིན་ལས་བཞི་ཡི་ཚུལ་དུ་བཟླས།། དམ་ཚིག་ལྔའི་བསྲུང་ཚུལ་ནི།། བདེ་ཆེན
90b5 དཀར་མོའི་དམ་ཚིག་ཏུ། ། སེམས་ཅན་ཀུན་ལ་བྱམས་པ་བསྒོམས།། ཁྲོས་མ་ནག་པོའི་དམ་ཚིག་ཏུ།། དྲག་ཅིང་རྩུབ་པའི་སྤྱོད་པ་བྱ།། སེར་མོ་དོན་གྲུབ་དམ་ཚིག་ཏུ།། དངོས་པོ་ཀུན་ལ་ཆགས་མེད་བྱ།། དམར་མོ་སྒྲ་སྒྲོག་དམ་ཚིག་ཏུ།། སྨྲ་ཞིང
90b6 བུད་མེད་བརྟེན་པར་བྱ། ། སྣ་ཚོགས་མཐར་ཕྱིན་དམ་ཚིག་ཏུ།། རྒྱུག་ཅིང་མཆོད་པའི་སྤྱོད་པ་བྱ།། མཁའ་འགྲོ་སྤྱིའི་དམ་ཚིག་ཏུ།། བདུད་རྩི་ལྔ་དང་ཤ་ལྔ་ལ།། རྟག་ཏུ་ལོངས་སྤྱོད་བྱ་བ་ནི།། བཟའ་བའི་དམ་ཚིག་རྣམ་ལྔ་སྟེ།། གསང་སྔགས
90b7 སྤྱོད་པས་བསྟེན་པར་བྱ། ། དེ་ནས་ཉམས་དང་བྱིན་བརླབས་ནི།། གོ་རིམས་སྐྱེ་ཚུལ་འདི་ལྟ་སྟེ།། དམིགས་པ་མེད་པའི་སྙིང་རྗེ་སྐྱེ།། སངས་རྒྱས་མཁའ་འགྲོའི་ཉམས་མྱོང་ཡིན།། ཆོས་རྣམས་གཟུགས་བརྙན་ལྟར་མཐོང་བ།། རྡོ་རྗེ་མཁའ་འགྲེའི་ཉམས་མྱོང
90b8 ཡིན། ། ཐམས་ཅད་མཉམ་པ་ཉིད་སྐྱེ་བ།། རིན་ཆེན་མཁའ་འགྲོའི་ཉམས་མྱོང་ཡིན།། ཆོས་རྣམས་མ་འདྲེས་སོ་སོར་གསལ།། པད་མ་མཁའ་འགྲོའི་ཉམས་མྱོང་ཡིན།། དངོས་པོ་གང་ལའང་ཐོགས་མེད་མ།། ལས་ཀྱི་མཁའ་འགྲོའི་ཉམས་མྱོང་ཡིན།། ཉོན་མོངས




iiif viewer powered by OpenSeadragon

90a - 91a

Texts on this page

Q60 - mkha' 'gro ma thams cad kyi thugs gnyis su med pa bsam gyis mi khyab pa'i ye shes rdo rje phag mo mngon par 'byung ba'i rgyud kyi rgyal po zhes bya ba