| | e-texts navigator
|
81a1 མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས་བསྐྱེད་པའི་རིམ་པའི་དུམ་བུ་སྟེ་ལེའུ་དང་པོའོ། ། ། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་གྱིས་རྣམ་པར་དག
81a2 པ་ནི་གང་ལགས། ངོ་བོ་ཉིད་ཀྱིས་འོད་གསལ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྟན་དང་གཡོ་བ་ཐམས་ཅད་ཀུན།། ཤེས་རབ་རང་བཞིན་མ་ཉིད་དེ།། ལྔ་པའི་ངོ་བོ་འོད་གསཔ་ཉིད།
81a3 མ་སྐྱེས་རྟོག་པ་བྲལ་བའི་སྐུ།། བརྗོད་དུ་མེད་ཅིང་བསམ་མི་ཁྱབ།། རྟོག་པ་མེད་པ་ནམ་མཁའི་དབུས།། གཉིས་མེད་བདེ་བའི་རྣམ་པ་ཅན།། གསལ་བའི་རང་བཞིན་གཡོ་བ་མེད།། གཉིས་སུ་མེད་པ་བདེ་བའི
81a4 མཆོག། འབྲས་བུ་ལམ་གྱི་རྣམ་པའོ།། དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས་རྫོགས་པའི་རིམ་པའི་དུམ་བུ་སྟེ་ལེའུ་གཉིས་པའོ།། །། རྡོ་རྗེ་སྙིང་པོས་གསོལ་པ།
81a5 བཅོམ་ལྡན་འདས་རྣམ་པར་རྟོག་པ་རྣམ་པར་དག་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔགས་དང་སྦྱིན་བསྲེག་གཏོར་མ་དང་།། དབང་གི་རྣམ་པར་དག་པ་དང་།། མཎ་ཌ་ལ་དང་ནི་དེ་བཞིན་དུ།
81a6 བུམ་པའི་ངོ་བོ་ལྟར་ཤེས་པ།། སྔགས་ཀྱི་དེ་བཞིན་གནས་པའོ།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྔགས་ནི་གང་། སྦྱིན་བསྲེག་ནི་གང་། གཏོར་མ་ནི་གང་། དབང་ནི་གང་། མཎྜཌ་ལ་ནི་གང་།
81a7 བུམ་པ་ནི་གང་། སྔགས་ཀྱི་དེ་བཞིན་ཉིད་ནི་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྔགས་ནི་གསང་སྔགས་རྒྱལ་པོ་སྟེ།། ཨོཾ་ཤྲཱི་བཛྲ་ཧེ་ཧེ་ར་ག་ཧཱུཾ་ཧཱུ~ཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ།
81a8 ཨོཾ་ཧྲཱི་ཧ་ཧ་ཧཱུ་ཧཱུཾ་ཕཊ། ཨོཾ་སརྦ་བུད་དྷ་ཊཱི་ཀ་ནཱི་ཡེ་བཛྲ་ཝརྞྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བི་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འདི་དག་གིས།། བསྐལ་པ་སྟེང་ལ་སོགས་པ་ཡཾ།། སྡིག་པ་མ
iiif viewer powered by OpenSeadragon
80b - 81b