e-texts navigator
Collection
Volume
Page
Wylie

80b1 ཀྱིས་བཀའ་སྩམ་པ། པ་ད་པོ་ལོ།། རྗེ་ནི་མོས་གསོ་པ། སྤྲིན་པལཔ་ལགས། བཅོམ་ལྡན་དས་ཀྱིས་པགའཕྲུལ་པ། བུས་གས་བ་ཤེས་དཔ་ང་། བཞི་པའི་བ་ཞི་པོ།། དེ་བེན་བ་གནས། རྡོ་པོ་གསོལཔ། བཅཝ
80b2 ལྡན་འདས་གྲོ་བའི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ།། སྙིང་ཆེན་པོ་ལས་གྱེས་པ།། དགའ་བའི་ཤུགས་ལས་རྣམ་པར་ཐུབ།། ཐབས་དང་ཤེས་རབ་གཉིས་མེད་མཆོག། བདེ་བ་ཆེན་པོ་ལ་མ་ཡིན་ནོ།། རྡོརྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྙིང་རྗེ
80b3 ཆེན་པོ་ནི་གང་། དགའ་བ་ནི་གང་། ཐབས་ནི་གང་། ཤེས་རབ་ནི་གང་། གཉིས་སུ་མེད་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམིགས་པ་མེད་པ་སྙིང་རྗེའི་མཆོ།། དགའ་བ་གཉིས་མེད་བདེ་བ་ཆེ།། ཐབས་ནི་ནི་རུག་དཔལ་ཉིད།། ཤེས
80b4 རབ་རྡོ་རྗེ་རྣལ་འབྱོར་མ། ། གཉིས་སུ་མེད་པ་ཟུང་འཇུག་མཆོག། རྡོ་རྗེ་སྟོང་པོས་གསོལ་པ། བཅོམ་ལྡན་འདས་ཧེ་རུ་ཀ་ནི་གང་ལགས། རྣལ་འབྱོར་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཧེ་རུ་ཀ་ནི་ཕུང་པོ་ཉིད།། ཕུང་པོ་ཡང་ནི
80b5 ཧེ་རུ་ཀ། ཁམས་ནི་རྡོ་རྗེ་མ་དཔལ་ཏེ།། རྡོ་རྗེ་མ་དཔལ་ཁམས་ཉིད་དོ།། སྐྱེ་མཆེད་དེ་ཡང་དེ་བཞིན་དུ།། ལྷ་ཡི་ངོ་བོར་ཤེས་པར་བྱ།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཕུང་པོའི་ཧེ་རུ་ཀ་གར་ལགས། ཁམས་ཀྱི་རྡོ་རྗེ་རྣལ་འབྱོར་མ
80b6 གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་རུ་ཀ་དཔལ་བདག་ཉིད་དངོས།། དྲི་མ་མེད་པའི་ཁ་དོག་ཅན།། རྡོ་རྗེ་དྲིལ་བུ་འཛིན་པ་སྟེ།། དྲུག་གིས་བརྒྱན་ཅང་དགུ་དང་ལྡན།། ཟླ་ཚེ་སྣ་ཚོགས་རྡོ་རྗེ་དང་།། རིགས་ཀྱི་བདག
80b7 པོས་རྣམ་པར་བརྒྱན། ། སྤུན་གསུམ་དག་གིས་མཛེས་པ་སྟེ།། ཆགས་པ་མེད་པའི་ཤམ་ཐབས་ཅན།། ཤེས་རབ་དང་བཞིན་རྣལ་འབྱོར་མ།། བན་དུ་དམར་པོའི་ཁ་དོག་ཅན།། གཅེར་བུ་ཕྱག་རྒྱ་ལྔ་བརྒྱན་ཅིང་།། དག་བལྔ་བཅུའི་ཕྲེང
80b8 བས་མཛེས། ། རྡོ་རྗེ་པད་མའི་སྣོད་བསྡམས་པ།། ཡབ་ལ་འ་ལྷུད་ཅིང་བརྒྱང་བསྐུམ་བཞུགས།། གཉིས་མེད་བདེ་བ་ལ་དགྱེས་པ།། ཆུ་ཉེས་ཉི་མའི་དབུས་ན་བགྱིས།། ཁམས་ཉིད་ཀྱང་ནི་ལྷ་ཉིད་དོ།། དཔལ་བདེ




iiif viewer powered by OpenSeadragon

80a - 81a

Texts on this page

Q59 - dpal bde mchog nam mkha' dang mnyam pa'i rgyud kyi rgyal po zhes bya ba