| | e-texts navigator
|
78b1 རྗེས་རྟོགས་བྱང་། ། གཞན་དུའང་དཀྱིལ་འཁོར་གྲུབ་བཞི་པ།། གྲཝ་ཡི་དབུས་ནི་ཐམས་ཅད་དུ།། དེ་ཉིད་འདི་ནི་རབ་འཇུག་པས།། ཡེ་ཤེས་སྤྱོད་ཡུལ་དུ་ནི་བརྟག། སྒོ་བཞིར་ཡང་དག་བརྗོད་པ་ནི།། དེ་བཞིན་དྲན་པ་བཞིར་བྱ་བ།།
78b2 དེ་བཞིན་གྲུ་བཞིར་གསུངས་པ་ནི།། སྦྱིན་པ་འི་ནི་ནི་རྣམ་དག་པ།། དབུས་སུ་དཀྱིལ་འཁོར་གཟུགས་ནི།། མི་བསྐྱོད་པ་ཡི་རྣམ་པར་བརྒྱན།། ཞི་དང་ཆོས་དོན་བརྒྱན་པ་ལས།། དེ་དག་ཐམས་ཅད་དཀྱིལ་འཁོར་འགུག།
78b3 བ་དྲ་བྱེ་ཟླ་བ་སོགས།། དཀྱིལ་འཁོར་དུ་ནི་བྲིས་པ་དང་།། རྟ་བབས་ལ་སོགས་ཐམས་ཅད་ནི།། ཏིང་འཛིན་ཡན་ལག་རྟ་བབས་ཉིད།། སེམས་ཀྱི་མཐར་ཐུག་བརྗོད་པ་སྟེ།། དེ་ཉིད་རང་བཞིན་ལས་ནི་གསུངས།། གང་ཞི
78b4 སེམས་ཀྱི་རབ་འཕེལ་བ། ། ཏིང་འཛིན་ཡན་ལག་རྣམ་པར་གནས།། དེ་ཉིད་དྲ་བ་ཞེས་སུ་གསུངས།། དྲ་བ་བྱེད་པ་བྱེད་དུ་སྟེ།། དྲིལ་བུ་དོ་ཤལ་བརྟགས་པ་ནི།། རང་གི་བཙུན་མོ་རྟོགས་པར་བྱེད།། སྒྲ་བརྙན་རྣམ་པ་ལྟ་བུ
78b5 ནི། ཆོས་རྣམས་ཐམས་ཅད་སོ་སོར་རྟོགས།། ཆོས་རྣམས་མ་སྐྱེས་མཐོང་བའི་ཕྱིར།། དེ་ཉིད་རྒྱལ་མཚན་ཕྲེང་བར་གསུངས།། བླ་ར་ལས་སོགས་གང་ཟོས་པ།། དངོས་པོ་ལས་སོགས་དྲང་པོར་དེས།། སེམས་ནི་ཐ
78b6 རེ་ཞེས་བྱར་བཤད། ། དམ་པའི་དོན་མ་གསུངས་པའོ།། གོས་ཕྲེང་དེ་དག་ཐམས་ཅད་ནི།། རྣམ་པ་སྣ་ཚོགས་སྣང་བ་ཉིད།། གང་ཞིག་རྡོ་རྗེ་རྣམ་པའི་སེམས།། དགའ་བའ་ཡེ་ཤེས་ཀྱིས་ནི་མཚན།།
78b7 འོག་ཏུན་གཏུགསུངས།། གྲཝ་ཡི་མཚམས་ནནི་ཐམས་ཅད་དུ།། རྡོ་རྗེ་རིན་ཆེན་རྟོགས་པར་བྱེར།། རྡོ་རྗེ་རིན་པོ་ཆེ་ཡིས་སྨྲས།། ཟླ་བ་ཉི་གང་སྤངས་པ།། ཐབས་དང་ཤེས་རབདོན་ཡོད་ཕྱིར།། ཐབས་དང་ཤེས་རབ་བདག་ཉི
78b8 སེམས། ཡེ་ཤེས་འདིས་ནི་རྣམ་པར་བརྒྱན།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས།། དེ་ཉིད་དཀྱིལ་འཁོར་དུ་ནི་གསུངས།། སྐུ་གསུང་ཐུགས་ནི་ཉེ་བའི་ཕྱིར།། རྣམ་པ་གཅིག་ཏུ་མཚན་ཉིད་མེད།། ལ་གྲོབམ་རྣམ།
iiif viewer powered by OpenSeadragon
78a - 79a