| | e-texts navigator
|
77a1 བར་ཆད་འབྱུང་བར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འཁོར་བས་སྐྱོ་ནས་སྡོམ་གསུམ་ལྡན།། ཐོས་ཚེ་དང་ལྡན་མཚན་ཉིད་བབང་།། དབེན་པར་དཀྱིལ་འཁོར་བྲིས་སྒྲུ་བཅཔ།
77a2 ཆོས་གོས་གྱོན་ལ་བདུད་རྩི་སྤྱད།། ཐུན་བཞིར་བསྒྲུབས་ན་འགྲུབ་པར་འགྱུར།། ཞེས་པ་ཆེ་བའི་རྣལ་འབྱོར་ལ།། ལྟ་བའི་བར་ཆད་འབྱུང་བར་འགྱུར།། གཡེང་བ་ཆེ་བའི་རྣལ་འབྱོར་ལ།། བསྒོམ་པའི་བར་ཆོད
77a3 འབྱུང་བར་འགྱུར། ། དམ་ཚིག་ཉམས་པའི་རྣལ་འབྱོར་ལ།། སྤྱོད་པའི་བར་ཆད་འབྱུང་བར་འགྱུར།། ལེ་ལོ་ཆེ་བའི་རྣལ་འབྱོར་ལ།། འབྲས་བུའི་བར་ཆད་འབྱུང་བར་འགྱུར།། ལྷ་མོས་གསོལ་བ་བཅོམ་ལྡན
77a4 འདས། ། རྒྱུད་ཀྱི་ངོ་བོ་ཇི་ལྟ་བུ།། རྩ་བའི་རྒྱུད་ཅེས་གང་ལ་བགྱི།། བཤད་པའི་རྒྱུད་ཅེས་གང་ལ་བགྱི།། འབྱུང་བའི་དུས་ནི་ཇི་ལྟ་བུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྷན་ཅིག་སྐྱེས་པའི་རང་བཞིན
77a5 ལ། ། རྒྱུད་རྣམས་ཀུན་གྱི་ངོ་བོ་འདུས།། ཡོད་པ་རྒྱལ་བསྒྲུབ་པའམ།། མངོན་འགྱུར་འབྲས་བུའི་ངོ་བོ་ཡིན།། ཐོག་མར་གསུངས་བརྩ་བའི་རྒྱུད།། ཕྱི་ནས་གསུངས་པ་བཤད་པའི་རྒྱུད།། དོན་རྣམས་སྟོན་པས
77a6 རྩ་བ་ལ། ། གསལ་བར་བྱེད་པ་བཤད་པའི་རྒྱུད།། བསྐལ་པ་རྫོགས་ལྡན་གསུམ་གཉིས་དང་།། རྩོད་ལྡན་དུས་བཞིའི་རིམ་པ་ཡིས།། རྒྱུད་ཀྱང་རྣམ་པ་བཞིར་གསུངས་ཏེ།། བྱ་རྒྱུད་རྣལ་འབྱོར་བླ་མེད་དོ།། ལྷ་མོས
77a7 གསོལ་པ་བཅོམ་ལྡན་འདས། ། ཟབ་མོའི་རྒྱུད་འདི་གང་ལ་ས།། ཇི་ལྟ་བུ་ལ་སྦྱིན་པར་བྱ།། སྟེར་ན་ལུང་ནོད་ཇི་ལྟར་བྱ།། བཀའ་འདི་རྒྱ་ཡིས་ཇི་ལྟར་གང་བ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྙིང
77a8 རྗེ་མེད་ཅིང་ཁྲོ་ལ་གདུག་ཁེངས་ཤིང་ཆགས་པ་ཚུལ་ཁྲིམས་མེད། ། དང་མོད་རིགས་ངན་བླ་མས་སྐྱོ།། ཐོས་ཆུང་སྙིང་རིང་རྣམས་ལ་སྦ།། དཔའ་ཞིང་དུལ་ལ་བློ་གྲོས་ལྡན།། བཟོད་ལྡན་དྲང་ལགཡོ་ཆུ
iiif viewer powered by OpenSeadragon
76b - 77b