e-texts navigator
Collection
Volume
Page
Wylie

74a1 དྲག་ཉིད་དེ། ། དབང་ཕྱུག་དང་ན་གཟུགས་བཟང་དང་།། དཔལ་དང་གྲགས་དང་སྐལ་བ་བཟང་།། ཡེ་ཤེས་ཕུན་སུམ་ཚོགས་པན།། དྲུག་པ་དེ་ལ་ལྡན་ཞེས་གསུངས།། འཁོར་བ
74a2 ཆེས་ནི་མྱ་ངན་ཏེ། ། དེ་དང་བྲལ་ཕྱེར་འདས་པའོ།། འདས་པའི་དེ་བཞིན་གཤེགས་པ་ཀུན། འགྲོ་བའི་དོན་མཛད་དེ་བཞིན་གཤེགས།། ཐམས་ཅད་དུས
74a3 གསམ་སངས་རྒྱས་ཀྱི། ། སྐུ་གསུང་ཐུགས་ཀྱི་ངོ་བོར་གནས།། བཙུན་མོ་ཞེས་པ་ཆོས་ཀྱི་དབྱངས།། དེ་ལ་ཡོད་ཕྱིར་བྷག་སྟེ།། མི་ཕྱེད་པས་ན་བཞུགས་ཞེས་བྱ།། རྡོ་རྗེའི་སྙིང་པོས་ཡང་གསོལ་པ།
74a4 དཔའ་བོ་ཞེས་པ་གང་ལ་བགྱི།། དེ་བཞིན་དཔའ་མོ་ཉིད་ཀྱང་ཅི།། དེ་ཡི་མཆོད་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། དཔའ་བོ་ལ་ཡང་རྣམ་བཞི་སྟེ།། བུམ་པའི་དབང་དང་འབྲེལ
74a5 བ་ཡི། ། ལྷ་ཡིས་རྣལ་འབྱོར་བསྒོམས་པ་ཡིས།། ཐ་མལ་པ་ཡེ་རྣམ་རྟོག་སྤོང་།། དེས་ན་ཕྱི་ཡི་དཔའ་བོར་བཤད།། གསང་བའི་དབང་དང་འབྲེལ་བ་ཡི།། རྩ་རླུང་ཐིག་ལེ་བསྒོམས་པ་ཡིས།། མཚན་མའི
74a6 ནམ་རྟོག་འཇོམས་པ་ནི། ། ནང་གི་དཔའ་བར་བཤད་པ་ཡིན།། གསུམ་པའི་དབང་དང་འབྲེལ་བ་ཡི།། དགའ་བ་བཞི་ཡི་དོན་བསྒོམས་པས།། གཟུང་དང་འཛིན་པའི་རྟོག་པ་འཇོམས།། དེ་ནི་གསང
74a7 བའི་དཔའ་རོ་ཡིན། ། བཞི་པའི་དབང་དང་འབྲེལ་བ་ཡི།། གཉིས་སུ་མེད་པ་གང་བསྒོམས་པས།། ཐ་དད་རྟོག་པ་འཇོམས་པའི་ཕྱིར།། དེ་ཁོ་ན་ཡི་དཔའ་བོར་བཤད།། དཔའ་མོ་ལ་ཡང་རྣམ་པ་བཞི།།
74a8 མ་ནི་ཤེས་རབ་ཕ་རོལ་ཕྱིན།། གདོང་ནས་སྤོས་བྲལ་ལྷན་གྲུབ་ལ།། ལྟ་བའི་ཞེན་པ་སྤོང་བ་ནི།། དེ་ནི་ཕྱི་ཡི་དཔའ་མོར་བཤད།། ནང་དུ་རྩ་དང་ཐིག་ལེ་སོགས།། རང་བཞིན་མེད་པར་བྱེད་པས་མ།།




iiif viewer powered by OpenSeadragon

73b - 74b

Texts on this page

Q57 - pal 'khor lo sdom pa'i rgyud kyi rgyal po dur khrod kyi rgyan rmad du byung ba zhes bya ba