| | e-texts navigator
|
73b1 ཀྱིས་ནི། ། རོ་ལ་སྤྱོད་ཅིང་མཁའ་ལ་རྒྱུ།། གཞན་ཡང་རྣལ་འབྱོར་མཆོད་རྟེན་དང་།། ཆུ་དང་མེ་སོགས་རིམ་པ་སྟེ།། གཟའ་དང་བར་དུ་གྲུབ་པ་རྣམས།། རོལ་པ་ཆེན་པོའི་ཚུལ་དུ་གནས།། འབྱུང་པོའི་གདོན་དང་རོལ་དྲ
73b2 དང་། ། སྟག་དང་ཁྱི་དང་ཅེ་སྤྱང་དང་།། ཝ་དང་འུག་པ་བྱ་རྒོད་དང་།། ཕྱེད་ཚིག་པ་དང་རྣམ་པར་དབྱངས།། མགོ་བོ་ལུས་པོ་རུས་རྐང་རྣམས།། ཨ་ལ་པེ་ནག་སྒྲ་སྒྲོགས་པ།། དེ་ནས་ནང་གི་དུར་ཁྲིད་ནི།། ལུས་ཀྱི་སྒྲ་སེན
73b3 སྤུ་ལ་སོགས། ། སྐྱེ་ཞིང་འཇིག་པར་བྱེད་པས་ན།། དུར་ཁྲོད་ཆེན་པོ་ལུས་ལ་དགོད།། དེ་ནས་གསང་བའི་དུར་ཁྲོད་ནི།། རྩ་ཆེན་སུམ་ཅུ་རྩ་གཉིས་ནས།། འབྱུང་འཇུག་གནས་པའི་རླུང་རྣམས་ནི།། དབུགས
73b4 རྒྱུ་ཞེས་པ་དུར་ཁྲོད་དོ། ། རྣམ་པར་ཤེས་པའི་ཆགས་བརྒྱད་དང་།། དངོས་པོའི་རྟོགས་པ་སྣ་ཚོགས་པ།། ཆོས་ཀྱི་དབྱིངས་ཀྱི་དུར་དུ་འཆི།། གསང་བ་རིག་པའི་ཡེ་ཤེས་ཁྲོད།། དེ་ནས་དུར་ཁྲོད་དགོས་པ
73b5 ནི། ། རྣམ་ཤེས་དག་པས་དུར་ཁྲོད་ལ།། ཕྱོགས་སྐྱོད་མི་དགེ་བཅུ་པོ་སྤོང་།། སངས་རྒྱས་བརྒྱད་ཀྱི་མཚན་མ་ཤིང་།། ཐུགས་རྗེའི་རྟགས་སུ་ཤིང་བརྒྱད་ལ།། ཞིང་སྐྱོང་སྔགས་ཀྱི་ཐེག་པ་བསྲུང་།།
73b6 གདུག་པ་འཇོམས་ཕྱིར་ཀླུ་བརྒྱད་དགོད།། མཆོད་རྟེན་རང་སངས་རྒྱས་ཀྱི་གནས།། རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་བྱེད།། ཆུ་ནི་བརྗོད་བྱ་ཟབ་པ་ལ།། མེ་སོགས་རྟོགས་པ་བྲལ་བའོ།། རྡོ་རྗེ་སྙིང
73b7 བོས་ཡང་གསོལ་བ། ། བཅོམ་ལྡན་འདས་ནི་ཇི་ལྟར་ལགས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་དང་གསུང་ཐུགས་ཇི་ལྟར་ལགས།། བཙུན་མོའི་བྷ་ག་ཇི་ལྟ་བུ།། བཞུགས་པའི་དོར་ནི
73b8 ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་མོངས་བདུད་དང་འཆི་བདག་བདུད།། ལྷ་ཡི་བུ་དང་ཕུང་པོའི་བདུད།། བདུད་བཞི་བཅོམ་པས་བཅོམ་པ་ལ།། ལྡན་པ་ཡོན་ཏན
iiif viewer powered by OpenSeadragon
73a - 74a