e-texts navigator
Collection
Volume
Page
Wylie

73a1 པོའི་གདོད། ། བྱང་དུ་བྱང་ཆུབ་ཤིང་བུལ།། གྷར་སེར་པོ་མེ་ཡི་གདོང་།། ནུབ་ཏུ་མྱ་ངན་མེད་ཤིང་ལ།། འབར་འཁྲུགས་དམར་པོ་ཆུ་སྲིན་གདོང་།། གྷོ་རུ་ཙུ་ཏའི་ཤིང་བུ་ལ།། འཇིགས་སྡེ་ན་ག་པོ་མ
73a2 ཧེའི་གདོང། ། མེ་རུ་ཀ་རན་ཙན་ཏེ།། དཔལ་གྱི་ནགས་ཚལ་ར་གདོང་དམར།། བདེན་བྲལ་ཨ་རྫུའི་ཤིང་བུ་ལ།། འཇིགས་པའི་མུན་པ་མ་ཧེའི་གདོང།། རླུང་དུ་སྲིད་གྲུབ་ཤིང་བུ་ལ།། ཀི་ལི་སྒྲ་སྒྲོགས་རི་དགས་གདོད།།
73a3 དབང་ལྡན་ནྱ་གྲོ་དྷ་ཤིང་ལ།། ཧ་ཧར་དགོད་པ་བ་ལང་གདོང་།། གཡས་ན་གྲི་གུག་ཐོད་པ་གཡོན།། ཤིང་ལོའི་སྟེང་ན་སྟོང་ཕྱུང་ངོ་།། ཤར་དུ་བརྒྱ་བྱིན་དཀར་པོ་ལ།། རྡོ་རྗེ་སྡིགས་འཛུབ་གླང་པོ་ཞོན།། བྱང་དུ
73a4 ལུས་ངན་སེར་པོ་ལ། ། དབྱུག་པ་འཛིན་ཅིང་གཏེར་ལ་ཞོ་ན།། ནུབ་ཏུ་ཆུ་བདག་དམར་པོ་ནི།། ཆུ་སྲིན་ཞོན་ནས་ཞགས་པ་ཐོགས།། ལྷོ་རུ་གཤིན་རྗེ་ནག་པོ་ལ།། མ་ཧེ་ཞོན་ནས་བེ་ཅོན་ཐོགས།། ཤར་ལྷོ་མེ་ལྷ་དམར
73a5 སེར་ལ། ། ར་ལ་ཞོན་ནས་མི་ཐབ་འཛིན།། ལྷོ་ནུབ་སྲིན་པོ་སྨག་ནག་ལ།། རལ་གྲི་ཐོགས་ནས་མི་ལ་ཞོན།། ནུབ་བྱང་རླུང་ལྷ་མདོག་སྔོན་པོ།། རི་དགས་ཞོན་ནས་འཕན་ནི་འཕྱར།། བྱང་ཤར་དབང་ལྡན་དཀར།
73a6 པོ་ནི།། ཁྱུ་མཆོག་ཞོན་ནས་རྩེ་གསུམ་ཐོགས།། ཐམས་ཅད་རང་རང་རིག་མས་འཁྱུད།། ནོར་རྒྱས་དང་ནི་འཇོག་པོ་དང་།། སྟོབས་ཀྱི་རྒྱུ་དང་པད་མ་དག། ཤར་ནས་བརྩམས་ཏེ་གཡོན་དུ་དགོད།། པད་མ་ཆེ
73a7 དང་མཐའ་ཡས་དང་། ། རིགས་ལྡན་དང་ནི་དུང་སྐྱོང་ནི།། གཡས་ཀྱི་ཕྱོགས་ནས་དགོད་པའོ།། སྒྲ་སྒྲོགས་པ་དང་རྨུགས་པ་དང་།། མུན་པ་ཅན་དང་ཀུན་ཏུ་འཁྱིལ།། ཤར་ནས་བྱང་གི་ཕྱོགས་སུ་དགོད།། འཁྲིགས
73a8 པ་གང་བ་འབབ་པ་དང་། ། དྲག་པོ་སྤྲིན་ཚེགས་མཚམས་ལ་དགོད།། རྡོ་རྗེ་རིན་ཆེན་པད་མ་དང་།། ལས་དང་དམ་ཚིག་རྣལ་འབྱོར་མ།། སྣ་ཚོགས་འཇིག་རྟེན་མཁའ་འགྲོ་རྣམས།། ཤིན་ཏུ་འཇིགས་པའི་གཟུགས




iiif viewer powered by OpenSeadragon

72b - 73b

Texts on this page

Q57 - pal 'khor lo sdom pa'i rgyud kyi rgyal po dur khrod kyi rgyan rmad du byung ba zhes bya ba