e-texts navigator
Collection
Volume
Page
Wylie

63a1 མོ་མེ་ལང་འབས། ། སྡོམ་པདམ་ཚིག་ཏུ་ནི་བཤད།། མི་ཕྱེད་པས་ནི་ཕྱག་བརྒྱར་གསུངས།། རྡོ་རྗེ་ཕག་མོས་ཡང་ཞུས་པ།། དམ་ཚིག་ཉམས་པའི་རྒྱུ་གང་ལགས།། རྒྱན་ནི་གང་ལགས་དུས་གང
63a2 ལགས། ། ཚད་ནི་གང་ལགས་བསྲུང་དུས་གང་།། ལུས་ངག་དམ་ཚིག་ཇི་ལྟར་དབྱེ།། དང་པོར་ཉམས་པའི་རྒྱུ་ཉིད་ཀྱང་།། མི་ཤེས་པ་དང་བག་མེད་དང་།། ཉོན་མོངས་ལྡན་དང་མ་གུས་དང་།། བརྗེད་ངས་དྲན་པ་མི
63a3 གསལ་བ། ། འདི་དྲུག་དམ་ཚིག་ཉམས་པའི་རྒྱུ།། བླ་མ་མ་བསྟེན་གྲོགས་ངན་འགྲོགས།། མདོར་ན་སྒོ་གསུམ་ཡེངས་པའི་ཡུལ།། དེ་དག་ཉམས་པའི་རྐྱེན་དུ་གསུངས།། གདོན་གྱིས་བར་ཆད་ཆང་གིས་མྱོས།།
63a4 ལོག་ལྟ་སྐྱེས་དང་ཁེངས་གྲགས་འདོད།། ཉོན་མོངས་ཟིལ་ནོན་བླ་མས་སྐྱོ།། འདོད་ཆགས་ཆེན་པོ་སྐྱེས་པ་དག། དམ་ཚིག་ཉམས་པའི་དུས་ཡིན་ཏེ།། སྤྱིར་ནི་རྩོད་ལྡན་དུས་སུ་གསུངས།། གདོན་སོགས་གཞ།
63a5 གྱིས་བྱིན་རླབས་ཆེ།། བསྲུང་བའི་འདུ་ཤེས་སྔོན་སོང་ན།། ཆེན་པོ་རྫོགས་ཀྱང་ཆུང་ངུར་གསུངས།། འདུ་ཤེས་སྔོན་དུ་མ་སོང་ན།། བག་མེད་ཉམས་པ་སོན་གནས།། གདོན་སོགས་རང་གིས་མ་མཐོང་ན།། དེ
63a6 ཡང་ཉམས་པ་ཆུང་བར་གསུངས། ། འཁོར་བས་སྐྱོ་དང་རྣམ་སྨིན་དྲན།། བླ་མ་དྲན་དང་འདོད་པ་སྐྱེས།། བར་ཆད་བྲལ་བ་བཤགས་པའི་དུས།། སྦྱོར་བ་དངོས་གཞི་མཇུག་དང་གསུམ།། གང་རྫོགས་ཚད་ནི་མཐར
63a7 བྱིན་ཏེ། ། ཆེ་འབྲིང་དབྱེ་བས་ཤེས་པར་བྱ།། སྦྱོར་བ་ལྷུང་བ་ཆུང་ངུ་སྟེ།། དངོས་པ་ནི་ལྟུང་བ་འབྲིང་དུ་འབྱུང་།། མཇུག་རྫོགས་ལྟུང་བ་ཆེན་པོར་ངེས།། རྒྱན་དང་ཕྱག་རྒྱ་ཕྱག་མཚན་དག། འཆང་བ་སྟེན་པའི་དམ
63a8 ཚིག་ཡིན། ། ཤ་ལྔ་བདུད་རྩི་ལྔ་རྣམས་ནི།། བཟའ་བར་བྱ་བའི་དམ་ཚིག་གོ། སེམས་ཅན་དཔའ་བོ་མཁའ་འགྲོའོ།། ལོངས་སྤྱོད་མཆོད་པ་གང་བྱེད་པ།། བལྟ་བར་བྱ་བ་འདམ་ཚིག་ག། རང་བཞིན་སྒྱུ་མར་གང་ཤེས




iiif viewer powered by OpenSeadragon

62b - 63b

Texts on this page

Q51 - dpal mkha' 'gro ma'i sdom pa'i rgyud kyi rgyal po zhes bya ba