e-texts navigator
Collection
Volume
Page
Wylie

61b1 གཡས་གཡོན་ཕྱག་ལ་དབུ་མ་ཞལ།། དཔའ་བོ་བྱང་ཆུབ་སེམས་ཡིན་ཏེ།། སྐྱེ་མཆེད་བཅུ་གཉིས་དངས་མ་ཡང་།། བཅུ་གཉིས་ཕྱག་ཏུ་རབ་ཏུ་གྲགས།། འབྱུང་བཞིའི་དངས་མ་ཞལ་བཞིར་ངེས།། མཛེས་པ
61b2 ཕྱིར་ན་རྒྱན་དུ་བཤད། ། གསུང་མཆོག་བླ་མའི་ཞལ་ནས་བླང་།། གཡས་གཡོན་སྟེང་འོག་སློ་བ་ནི་སྟེ།། མདོམ་གང་མཉམ་པ་གྲུབཞི་ཡིན།། བདུད་རྩི་ལྔ་ནི་ཚེན་རྩི་ལྔ།། རྩ་ནི་ཐིག་གི་རང་བཞིན་ཏེ།།
61b3 བརྒྱད་ནི་རྐང་བརྒྱད་དོ།། སེ་སེན་པ་སཱུ་ཏཱར་སོགས།། མཁས་པས་བརྟག་ཅིང་ཤེས་པར་བྱ།། འདི་དག་རང་བཞིན་དཀྱིལ་འཁོར་ཏེ།། དཔེར་ན་རང་བྱུང་གསེར་དང་འདྲ།། འདི་ནི་བཅོས་མ་མ་ཡིན་ཏེ།། རང
61b4 རིག་ཡེ་ཤེས་གཟུགས་བརྙན་ནི། ། གཟུགས་བརྙན་དཀྱིལ་འཁོར་བསྒོམ་པ་མིན།། རྡུལ་ཚོན་ལ་སོགས་བྲི་བ་མིན།། སྤོས་ལ་སོགས་པས་མཆོད་པ་མིན།། རྡོ་ཤིང་ལྷ་ལ་ཕྱག་མི་བྱ།། རང་བཞིན་གནས་པའི
61b5 སངས་རྒྱས་ལ། ། རང་བཞིན་མཆོད་པས་རྟག་ཏུ་མཆོད།། སྐུ་ནི་དགུན་དུས་རང་བཞིན་ཏེ།། འབྱུང་བའི་སྐུ་གསུམ་ཟླ་བ་གསུམ།། གསུང་ནི་དཔྱིད་དུས་དེ་བོ་སྟེ།། འཇུག་པའི་སྐུ་གསུང་ཟླ་བ་གསུམ།། ཐུགས་ནི
61b6 དབྱར་དུས་ངོ་བོ་སྟེ། ། གནས་པ་སྐུ་གསུམ་ཟླ་བ་གསུམ།། ཡེ་ཤེས་སྟོན་གྱི་དུས་ཡིན་ཏེ།། སྐུ་གསུང་ཐུགས་ནི་ཟླ་བ་གསུམ།། དང་པོ་རྒྱུ་ཡི་ས་པ་ཡིན།། འཁོར་ལོ་ཆགས་པ་དམར་པོ་ལ།། ཡི་གེ་རྣམས་ནི
61b7 དཀར་པོས་གནས། ། ལམ་གྱི་ས་པ་རྣམ་པ་གཉིས།། རིང་བ་དང་ནི་ཉེ་བའོ།། དེ་ནས་འབྲས་བུའོས་པ་ཡིན།། འཁོར་ལོ་ཡང་དག་གནས་པ་སྟེ།། འཁོར་ལ་དེ་རྣམས་ལྡརྣམས་ཀྱང་།། སྐུ་མདོག་ཕྱག་མཚན
61b8 ཀུན་དང་བྲལ། ། རང་བཞིན་གསལ་བ་དྲི་མ་མེད།། ཤེལ་ལྟར་གསལ་བ་དྲིམ་མེད།། མི་མཐོང་མཐོང་བའི་ངོ་བོ་ཅན།། ཟབ་ཅིང་ཕྲ་བའི་རང་བཞིན་ཅན།། ཕྱི་རུ་སུ་མདོག་ཕྱག་མཚན་ལྷ།། ནང་གི་ཤིན་དུ




iiif viewer powered by OpenSeadragon

61a - 62a

Texts on this page

Q50 - dpal chags pa'i rgyal po'i rgyud kyi rgyal po