| | e-texts navigator
|
61a1 ཨུ0f7f།། ཐམས་ཅད་དྲན་པ་གས་བ་ཡི།། མང་ལ་ནས་སྐྱེས་པའི་རྡུལ་ཡིར་ཏེ།། ཡང་ལ་སྲེག་དང་མང་ལགསོ།། གནས་གསུམ་ཉི་ཤུ་བཞིར་འགྲོ་ཡིད།། བྱེན་འདོད་པའི་མཚན་མ་ཡིས།། རྦ་རྒྱས་བདེབ
61a2 སྟེར་བ་དང་། ། རིན་པོ་ཆེ་ཡི་ཕོ་བྲང་དུ།། སེམས་འཛིན་གསང་བའི་སྒོང་སྐྱེས་ཡིན།། ནང་གི་འདོད་པའི་མཚོན་ཆ་ཡིས།། བདེ་བ་སྐྱེ་བ་དྲོད་གཤེར་སྐྱེས།། གང་གི་རྐྱེན་གྱིས་མ་སྐྱེས་པར།། གདོང་ནས་བདེ་བའི་སྒྲར་སྐྱེས
61a3 ལ། ། བདེ་བ་སྐྱེས་པ་རྫུས་སྐྱེ་སོ།། གཏུམ་མགོ་བཟློག་རྐྱེན་གྱིས་སྦར།། གཏུམ་མོ་རྐྱེན་ཀྱིས་སྦར་བ་དང་།། གཏུམ་མོ་གོ་བཟློག་སྦར་བ་དང་།། གཏུམ་མོ་རང་བཞིན་སྤང་བ་ནི།། མངལ་སྐྱེས་སྒོང་སྐྱེས་དྲོད
61a4 གཤེར་སྐྱེས། ། རྫུས་སྐྱེས་རིམ་པར་སྦྱར་བར་བྱ།། དུ་མའི་གཞི་བཅས་གཞི་བཅས་དང་།། གཞི་མེད་ཤིན་དུ་གཞི་མེད་དེ།། མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས།། རྫུས་སྐྱེས་པའི་ཆར་རིམ་པར་སྦྱར།། རྒྱུ
61a5 དང་ལམ་སྟེ་འབྲས་བུ་ཀུན། ། སྐྱེ་བ་བཞི་ཡི་དེ་བོར་གཅིག། དེ་ཕྱིར་སངས་རྒྱས་སེམས་ཅན་གཉིས།། དངོས་པོ་རོ་མཉམ་གྱུར་པ་ལ།། ལོག་རྟོགས་སྒྱུ་མས་གཉིས་སུ་འཁྲུལ།། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ།།
61a6 རང་གསང་བའི་དཀྱིལ་འཁོར་ཡང་།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། སྐུ་ཡི་དཀྱིལ་འཁོར་སྤྱི་བོར་བསྒོམ།། གསུང་ནི་མགྲིན་པ་ཐུགས་ནི་སྙིང་།། ཡོན་ཏན་ལྟེ་བ་ཕྲིན་ལས་ནི།། སྣ་རྩེ་དག་ཏུ་བསམ་པ
61a7 བྱ། ། འབར་བ་བཞི་ཡི་ཨ་ལ་ཡང་།། རྡོ་རྗེ་ཕག་མོ་རབ་དུ་གྲགས།། ཧཾ་ནི་བདེ་མཆོག་ཧེ་རུ་ཀ། དཔའ་བོ་གཅིག་པ་ཡིན་པར་འདོད།། བདུན་པ་དང་ནི་དགུ་པ་དག། གསུམ་པ་ཧཱུཾ་ལས་རབ་ཏུ་གྲག། བཅུ་གསུམ་པ
61a8 དང་རནྡ་ལྔ་པ། ། བཅུ་དགུ་ཨོཾ་ལས་རབ་ཏུ་གྲགས།། ཉི་ཤུ་རྩ་ལྔ་ཉི་ཤུ་དགུ།། ཧཾ་གི་ངོ་བོར་ཡང་དག་གནས།། སུམ་བཅུ་བདུན་དང་དྲུག་བཅུ་བཞི།། ཨ་ཡི་དཀྱིལ་འཁོར་ཡིན་པར་ངེས།། རྩ་ནི་རྡོ་རྗེ་ཕག་མོ་སྟེ།
iiif viewer powered by OpenSeadragon
60b - 61b