| | e-texts navigator
|
60b1 དཔའའ་བཐའ་ཡས་ལས་འདས་ཏེ། བ་ཤེས་མཐའ་ལས་ལགདས་ཤི་རྣཔ་ཤེས་མཐའ་ཡས་རྫོགས་པ་ཏེ།། རྣམ་ཤེས་མཐའ་ཡས་ལས་འདས་ནས།། ཅི་ཡང་མེད་པ་ལ་གནས་ཏེ།། དེ་ཉིད་རྫོགས་པ་བ་ཡིན་ནོ།། ཅི་ཡང་མེད་པ
60b2 ལས་འདས་ཏེ། ། འདུ་ཤེས་མེད་མིན་ལ་གནས་ཏེ།། འདུ་ཤེས་མེད་མིན་རྫོགས་པ་ཡ།། འདུ་ཤེས་མེད་མིན་ལས་འདས་ཏེ།། འདུ་ཤེས་ཚོར་བ་འགོག་པའི་ལུས།། མངོན་སུམ་བྱས་ནས་རྫོགས་པ་ནི།། རྣམ་པར
60b3 ཐར་པ་བརྒྱད་པ་ཤ། ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ཧཱུཾ།། གཙོ་བོ་རྣམ་ཐར་བརྒྱད་དང་ལྡན།། འདིར་དཤ་ཙ་ཡི་རྣམ་པར་གནས།། འཁོར་ལོའི་རྒྱ་ནི་སོར་གསུམ་སྟེ།། སེམས་ཅན་ཀུན་ལ་རང་བཞིན་གནས།། དེ་ཕྱིར་སེམས་ཅ
60b4 སངས་རྒྱས་ཡིན། ། སྣ་ཚོགས་བསྡུད་པའི་མཚན་ཉིད་ཀྱང་།། རིང་དུ་འབྱུང་ཞིང་ཐུང་ངུ་གནས།། སྨིན་མཚམས་ཀྱི་ནི་མཛོད་སྤུ་བཞིན།། ཆོས་ཀྱི་འབྱུང་གནས་ལྟེ་བ་ལ།། གཡས་གཡོན་བུ་ག་ལྔ་ལྔ་སྟེ། སྙེང་འོག་ཁ
60b5 ཡ་བར་ནས་འབྱུང་། ། རོ་མོ་ཤར་དུ་མངོན་དུ་ཕྱོགས།། རྐྱང་མ་ནུབ་སྟེ་འོག་གི་ཆར།། རོམས་རྐྱང་མ་ལ་འཁྱུད་ཅིང་།། གཡས་པའི་ཆ་རུ་ཟུང་འཇུག་ཉིད།། རྐྱར་མས་རོ་མ་ལ་འཁྱུད་ཅིང་།། གཡོན་གྱི་ཆ་རུ་ཟུང་འཇུག
60b6 ཉིད། ། གཡས་གཡོན་རྩེ་མོ་སྐུ་གསུང་ཐུགས།། དེ་སྒྲ་སྔགས་སུ་རབ་ཏུ་གྲགས།། སྔགས་དང་རྒྱུད་དང་དངོས་གྲུབ་སོགས།། དེ་ཉིད་ལས་ནི་བྱུང་བས་ན།། སེམས་ཅན་སངས་རྒྱས་རང་བཞིན་ནོ།། སྐྱེ་བ་བཞི་ཡི་རིམ་པ
60b7 ཡང་། ། སྣོད་བཅུད་ཡབ་ཡུམ་ལ་ཐིམ་སྟེ།། ཡབ་ཡུམ་ཉི་མ་ཟླ་བར་འགྱུར།། སྣང་བའི་ཐིག་ལེ་ཡང་དག་བཅས།། འདི་དག་ནང་གི་ནངས་སྐྱེས་ཚུལ།། ཨཱ་ལི་ཀཱ་ལི་ཉི་ཟླ་སྟེ། སེམས་ནི་ཐིག་ལེའི་ངོ་བོར་གནས།། ནང་གི་སྒོང
60b8 སྐྱེས་ཡིན་པར་འདོད། ། ཀཱ་དང་ཨཱ་ལས་ཉི་ཟླ་སྟེ།། རང་འབྱུང་ཐིག་ལེ་དྲོད་གཤེར་ཡིན།། དེ་དག་སྐད་ཅིག་རྐྱེན་མེད་ལས།། རང་བཞིན་འབྱུང་བ་རྫུས་སྐྱེས་སོ།། རྐྱེན་མེད་སྦྱོར་བ་སྒོ་སོགས་ལས།། བདེ་བ་སྐྱེ་དང་བདེ་བའི་རྒྱུ།
iiif viewer powered by OpenSeadragon
60a - 61a