e-texts navigator
Collection
Volume
Page
Wylie

60a1 དཀར་ནག་ཕྱེད་པད་མའི།། འདབ་མའི་མདངས་འདྲ་པད་མའི་སྤྱན།། བྷ་ནི་དེ་བཞིན་སྨིན་མཚམས་རིང་།། མ་ཡི་སྨིན་མཚམས་སྤྲིན་སྤུ་མཉམ།། ར་ནི་དེ་བཞིན་སྨིན་མ་སྣུམ།། ལ་ནི་ཕྱག་རིང་རྒྱས
60a2 པའོ། ། དེ་བཞིན་ཝ་ནི་སྙན་ཤལ་མཉམ།། སྙན་གྱི་དབང་པོ་མ་ཉམས་ཤ།། དཔྲལ་བ་ལེགས་པར་འབྱེས་པ་ཥ།། ས་ནི་དཔྲལ་བའི་དབྱེས་ཆེ་བ།། ཧ་ནི་དཔུ་དག་ཤིན་ཏུ་རྒྱས།། དབུ་སྐྲ་བུང་བ་ལྟར་གནག་ཀྵ།། དབུ་སྐྲ་སྟུག
60a3 པ་ཡ་ཡིན་ཏེ། ། དེ་བཞིན་དབ་སྐྲ་འཇམ་པར།། དབུ་སྐྲ་མི་འཇིང་བ་ནི་ལ།། དབུ་སྐྲ་མི་བཤོར་བ་ནི་ཝ།། དབུ་སྐྲ་དྲི་ཞིམ་དྷ་ཡིན་ཏེ།། ཕྱག་ལ་དཔལ་གྱི་བེའུ་དང་ནི།། བཀྲ་ཤིས་གཡུང་དྲུང་འཁྱིལ་བས་བརྒྱན།།
60a4 སྡོང་རིས་ལྟ་བུ་དྷ་ཡིན་ཏེ།། ལྟེ་བ་སྤྲུལ་པའི་སྙིང་པོ་ཨཾ།། གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན།། ཨ་ནི་ཕྱི་ནང་སྟོང་པ་ཉིད།། ཨཱ་ནི་སྟོང་པ་ཉིད་སྟོང་པ།། ཨི་ནི་ཆེན་པོ་སྟོང་པ་ཉིད།། ཨཱི་ནི་དོན་དམ་སྟོང་པ་ཉིད། ཨུ་ནི
60a5 འདུས་བྱས་སྟོང་པ་ཉིད། ། ཨུ་ནི་འདུས་མ་བྱས་སྟོང་པ།། རི་ནི་མཐའ་ལས་འདས་སྟོང་པ།། རཱི་ནི་ཐོག་མཐའ་སྟོང་པ་ཉིད།། ལི་ནི་དོར་བ་མེད་པ་སྟོང་།། ལཱི་ནི་རང་བཞིན་སྟོང་པ་ཉིད།། ཨེ་ནི་ཆོས་རྣམས་ཐམས་ཅད
60a6 སྟེང་། ། ཨོཾ་ནི་རང་གི་མཚན་ཉིད་སྟོང་།། ཨོཾ་ནི་མི་དམིགས་སྟོང་པ་ཉིད།། ཨོཾ་ན་དངོས་པོ་མོང་སྟོང་ཉིད།། ཨོཾ་ནི་ངོ་བོ་སྟོང་པ་ཉིད།། དངོས་མེད་ངོ་བ་སྟོང་ཉིད་ཨཿ།། མགྲིན་པ་ལོངས་སྤྱོད་སྙིང་པོ་ཨོཾ།། ཤེས་རབ
60a7 སྟོང་པ་བཅུ་དྲུག་རྩ། ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ།། རྣམ་པར་ཐར་པ་དང་པོ་ཨ།། ནང་གཟུགས་མེད་པར་འདུ་ཤེས་པས།། ཕྱི་རོལ་གཟུགས་རྣམས་ལ་ལྟ་བ།། རྣམ་ཐར་གཉིས་པ་ཀ་ཡིན
60a8 ནོ། ། སྡུག་པ་རྣམ་པར་ཐར་པའི་ལུས།། མངོན་སུམ་བྱས་ནས་རྫོགས་པ་ནི།། དེ་དག་རྣམ་ཐར་གསུམ་པ་ཙ།། གཟུགས་ཀྱི་འདུ་ཤེས་ལ་འདས་པ།། སྣ་ཚོགས་འདུ་ཤེས་ཡིད་མི་བྱེད།། ནམ་མཁའ་མཐའ་ཡས་ལག




iiif viewer powered by OpenSeadragon

59b - 60b

Texts on this page

Q50 - dpal chags pa'i rgyal po'i rgyud kyi rgyal po