| | e-texts navigator
|
56b1 འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས།། མིང་དང་གཟུགས་དང་སྐྱེ་མཆེད་དྲུག། རེག་དང་ཚོར་དང་སྲེད་དང་ལེན།། སྲིད་པ་སྐྱེ་དང་རྒ་ཤི་སྟེ།། དེ་རྣམས་སྤོང་བའི་གཉེན་པོ་སྟེ།། ཆོས་ཀྱི་ཡེ་ཤེས་མངོན་དུ་བྱས།། དེ་ལས་ཡེ་ཤེས་དྲུག་རང་བན།
56b2 དེལས་སྐུ་གསུང་ཐུགས་དེའོ།། དེ་ལས་སྐྱེ་མཆེད་དྲུག་སངས་རྒྱས།། དེ་ལས་གཉིས་མེད་རིག་པ་ནི།། དེ་ལས་ཉམས་མྱོང་བདེ་ཆེན་པོ།། རང་རིག་དེ་ཉིད་སྲེད་པ་སྟེ།། ཆོས་ཀུན་སྟོན་བྱེད་ལེན་པ་སྟེ།། སྲིད་པ་ལོངས་སྤྱོད་རྫོགས་སྐུ་ཡིན།།
56b3 སྐྱ་བསྤྲུལ་པའི་སྐུ་རུ་བཤད།། རྒ་ཤི་རྒྱུན་དང་མྱ་ངན་འདས།། འོད་གསལ་སྟོང་ཆེན་དང་དུ་ཐིམ།། དེ་ཕྱིར་རྡོ་རྗེ་བཅུ་གཉིས་པ།། རྫས་ཀྱི་རྡོ་རྗེ་བནི་ཡིན་ཏེ།། འབིགས་ཤིང་ནོ་བཟུར་གསུམ་སྟེ།། གྲུབ་ནས་རྫས་རྣམས་བརྡང
56b4 བྱས་པས། ། འཇམ་ཞིང་ངང་ལ་འཇོམས་པར་བྱེད།། པ་ལ་མ་ཟླུམ་པོས་ནུབ་པར་ཇོམས།། ཟུར་ལྔས་ཐམས་ཅད་ཅིང་གར་བྱེད།། དེ་ནས་ཆེན་པོའི་དོན་བཤད་དེ།། དམིགས་དང་བསམ་པ་སྤྱོད་པ་དང་།། བཏུལ་ཞུགས་བརྩོན་འགྲུས་སྤོན
56b5 ལལ་དང་། ། དེ་བཞིན་ཡེ་ཤེས་ཆེན་པོ་སོ།། རེ་རེ་ལ་ཡང་བདུན་བདུན་སྦྱར།། དེ་ཕྱིར་ཆེན་པོ་ཞེས་ནི་བསྟན།། རྒྱུད་ནི་རྣམ་པ་ལྔ་ཡིན་ཏེ།། ཕྱི་དང་ནང་དང་གསང་བ་དང་།། རབ་ཏུགས་དང་གསང་བ་ཆེ།། དེ་རྣམས་རྒྱུན་དུ་གནས་པ་ལ།། ནཱ་ཡི་ནང་དུ
56b6 བསྟན་པ་ཡིན། ། དེ་རྣམས་དོན་ནི་ཇི་བཞིན་རྟོགས།། འབྲས་བུའི་རྒྱུད་དུ་བསྟན་པ་ཡིན།། རྒྱུ་དང་འབྲས་བུ་གཉིས་མེད་པ།། རྒྱུ་ནི་གཉིས་སུ་མེ་པ་ཡི།། རང་རིག་ཡེ་ཤེས་མཐར་ཐུག་པ།། མཐར་ཐུག་བླན་མེད་པའི་རྒྱུད།། རྒྱལ་ཐལ
56b7 ཡང་ལྔ་ཡིན་ཏེ། བྱིན་གས་དང་རབ་ཏུགས་པ།། ཤིན་ཏུ་གསང་བ་ཆེན་པོ་སྟེ།། དེ་རྣམས་དོན་ལ་དབང་བསྒྱུར་དང་།། དེ་ཡི་མི་མཐུན་ཕྱོགས་འཇོམས་བྱིར།། དེ་བཱིར་རྒྱལ་པོ་ལྔ་བསྟན། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། བཅོམ
56b8 ལྡན་འདས་ནི་རྡོ་ལྟར་ལགས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སུ་གསུང་ཐུགས་ནི་དེ་ལྟར་ལགས།། བཙུན་མེའི་བྷག་དི་ལྟར་ལགས། རྡོ་རྔོ་གང་ལགས་སྙིང་པོགང། དཔའ་བོ་གང་ལགས་མཁའ་འགྲོག། དཔག་རྗེ་མེད་པ
iiif viewer powered by OpenSeadragon
56a - 57a