| | e-texts navigator
|
56a1 རྒྱ་གར་སྐད་དུ། ཤྲཱི་བཛྲ་རཱ་ཛ་མ་ཧཱ་ཏན་ཏྲ། བོད་སྐད་དུ། དཔལ་རྡོ་རྗེ་རྒྱལ་པོ་ཆེན་པོའི་རྒྱུད། དཔལ་སྡོམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་གང་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས
56a2 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་རྡོ་རྗེ་སྙིང་པོ་ལ་སོགས་པའི་དཔའ་བོ་མཁའ་འགྲོ་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་པའི་དུས་སུ་ཕྱི་ནང་གསང་བ་བླ་ན་མེད་པའི
56a3 མཆོད་པས་མཆོད་ནས། ། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་དང་། བཅོམ་ལྡན་འདས་ལ་ཞལ་འཛུམ་པ་མཛད་དེ། རྡོ་རྗེ་སྙིང་པོ་ལ་སོགས་པས་གསོལ་པ།། རྡོ་རྗེ་གང་ལགས་ཆེན་པོ་གང།། རྒྱུད་ནི་གང་ལགས་རྒྱལ་པོ།
56a4 གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དོན་གྱི་རྡོ་རྗེ་རྣམ་པ་བཞི།། དབང་བཞིའི་གྲངས་སུ་ཤེས་པར་བྱ།། རྣམ་རྟོག་འཇོམས་བྱིར་རྡོ་རྗེསྟེ།། དེ་ལ་རྣམ་པ་བཞི་ཡིན་ཏེ།། ཕྱི་ནང་གསང་བ་རབ་གསང་གཉིས།། རྩེ་གསུམ་རྩེ་གཅིག
56a5 ལྔ་པ། ། རྩེ་དགུ་པ་ནི་ཉིད་ཡིན་ནོ།། བཅུ་གཉིས་དེ་ཉིད་རྡོ་རྗེ་སྟེ།། རྟགས་ཀྱི་རྡོ་རྗེ་བཞི་ཡིན་ནོ།། གཉིས་སུ་མེད་པ་རྩེ་གཅིག་པས།། རྣམ་རྟོག་ཐམས་ཅད་སྤངས་པ་ཡིན། རྩེ་གསུམ་སྐུ་གསུང་བུགས་ཡིན་ཏེ།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།།
56a6 འཇོམས་པའི་ཕྱིར་ན་བཤད་པ་ཡིན།། རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས།། མེ་ལོང་མཉམ་ཉིད་སོ་སོར་རྟོག། བྱ་བ་ནན་ཏན་ཆོས་དབྱིངས་ཤེས།། ཉོན་མོངས་ལྔ་ནི་སྤངས་པ་སྟེ།། ཞེ་སྡང་ང་རྒྱལ་འདོད་ཆགས་དང་།། ཕྲག་དོག་གཏི་མུག་འཇོས
56a7 པར་བྱེད། ། རྡོ་རྗེ་རྩེ་དགུ་གང་ཡིན་པ།། ཡེ་ཤེས་རྩེ་དགུ་བཤད་པ་སྟེ།། ཁམས་གསུམ་ས་དགུ་འཇོམས་པར་བྱེད།། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། རིག་འཛིན་སངས་རྒྱས་ཡེ
56a8 ས་དགུ་ལ་ནི་གང་སྒྲིབ་པའི། ། སྒྲིབ་པ་སྤྱོང་པར་བྱེད་པ་ཡི།། རྡོ་རྗེ་རྩེ་དགུར་བསྟན་པ་ཡིན།། རྡོ་རྗེ་རྩེ་མོ་བཅུ་གཉིས་པ།། འཁོར་བའི་རྟེན་འབྲེལ་བཅུ་གཉིས་ཀྱི།། སྤོང་བའི་ཡེ་ཤེས་བཅུ་གཉིས་ཡིན།། མ་རིག་པ་ལས་འདུ་བྱེད་དེ།།
iiif viewer powered by OpenSeadragon
55b - 56b