| | e-texts navigator
|
53a1 བསྲེགས་པས་ངེས་པར་ཚིག་གམ་ཅི། ། བསྲེག་རྫས་རྟོག་པ་སྲེག་བྱེད་མེ།། དབང་པོས་སྤྱོད་ཡུལ་མ་ཡིན་ཏེ།། དེ་ཕྱིར་ལས་ཀྱི་མེ་ཉིད་ལ།། ཏིལ་སོགས་བསྲེག་པའི་ལས་བྱས་ཀྱང་།། ངེས་པར་སྡིག་པ་ཚིག་མི་འགྱུར།།
53a2 མཆོད་པ་ལ་སོགས་དེ་བཞིན་ནོ།། བསྟན་པ་ཙམ་དུ་ངེས་པ་སྟེ།། རྒྱུད་ནི་དོན་དམ་མ་ཡིན་ཏེ།། དོན་དམ་རྟོགས་པས་བསྟན་པ་མེད།། དགང་གཟང་ཐུགས་གཟར་ལ་སོགས་པ།། བླ་མའི་ཞལ་ནས་ཤེས་པར་བྱ།། དེ་ནས་གསང་ཅི
53a3 སྦྱིན་བསྲེག་ཀྱང་། ། ཐབ་ཁྲང་ལྟེ་བ་འམ་སཱ་རྩེ་སྟེ།། ཆགས་གྲོལ་གནས་ནི་ངེས་པ་དང་།། རང་བཞིན་དང་ནི་གསང་བ་ཡི།། གཏུམ་མོ་ཡེ་ཤེས་མེ་སྦར་ཏེ།། གཡས་གཡོན་དགང་གཟར་ཐུགས་གཟར་གྱིས།། ཤུཀྲ་རྩ་དང་དྲུང་།
53a4 སྲོགས་ཀྱི།། ཕྲ་མོའི་རྟོག་པའི་བསྲེག་རྫས་བསྲེག། བདེ་བའི་མེ་ལྷ་མཆོད་པར་བྱ།། ཞི་རྒྱས་ལས་ཀྱི་རིམ་པ་དང་།། བཞི་པ་ཞལ་ནས་ཤེས་པར་བྱ།། དེ་ནས་སྔགས་ཀྱི་དབྱེ་བ་ཡང་།། ཕྱི་ཡི་སྔགས་ནི་ཨོཾ་ཨཱཿཧཱུ~ཾ། ནང་དུ་བདུད
53a5 རྩི་མཚན་ཉིད་དེ། ། གསང་བར་མཆོག་ཆད་དབུས་ན་གནས།། མཐར་ཐུག་མཐའ་བྲལ་རང་རིག་གོ།། སྤོས་སོགས་ཕྱི་ཡི་མཆོད་པ་སྟེ།། བདུད་རྩི་ལ་སོགས་ནང་དུའོ།། གསང་བར་བདེ་བའི་རོ་ཡིས་མཆོད།། མཐར་ཐུག
53a6 སྟོང་པའི་རོ་ཡིས་མཆོད། ། འབྲས་སོགས་ཕྱི་ཡི་གཏོར་མ་སྟེ།། དམན་པའི་བགེགས་སོགས་ཞི་བར་བྱེད།། ཨ་བ་དྷཱུ་ཏཱིའི་ཀཱ་པཱ་ལ་ར།། ཤ་སོགས་བདུད་རྩིའི་རང་བཞིན་གནས།། རྣམ་རྟོག་བགེགས་ཆེན་ཞི་བར་བྱེད།།
53a7 བདེ་བ་ཆེན་པོའི་བདུད་རྩིའི་རོས།། ཕྲ་བའི་གདོན་ཆེན་ནི་བྱས་པ།། འདི་ནི་གསང་བའི་གཏོར་མར་གསུངས།། རང་རིག་སྟོང་པའི་བདུད་རྩིའི་རོས།། བདེ་ཆེན་གདོན་ནི་ཞི་བྱས་པ།། འདི་ནི་བཞི་པའི་གཏོར་མར་ངེས།། ཕྱག
53a8 འཚལ་བསྐོར་བ་ལ་སོགས་དང་། ། སྦྱང་སོགས་བླ་མའི་ཞལ་ནས་ཤེས།། གང་གི་ཕྱིར་ན་སྦྱིན་བསྲེག་ན།། དངོས་གྲུབ་དམ་པ་སྟེང་བ་དང་།། རྣམ་རྟོག་སྲེག་ཕྱིར་སྦྱིན་བསྲེག་སྟེ།། ཤིང་སོགས་སྲེག་པ་སྦྱིན་བསྲེག་མིན་།
iiif viewer powered by OpenSeadragon
52b - 53b