e-texts navigator
Collection
Volume
Page
Wylie

50a1 རྒྱ་གར་གྱི་མཁན་པོ་གཱ་ཡ་དྷར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @།། རྒྱུ་ག་སྐད་དུ། ཤྲཱི་ཛྭ་ལ་ཨག་ནེ་གྲཧྱ་ཡ་ཏན་དྷ་རཱ་ཛཱ། བོད་སྐད་དུ། དཔལགས་བ
50a2 མེའབར་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ
50a3 བྷ་ག་ལ་སྙོམས་པར་བཞུགས་སོ། ། དེའི་ཚེ་འཁོར་འདུས་པའི་ནང་ན་རྡོ་རྗེ་ཕག་མོས་གསོལ་པ།། རྣལ་འབྱོར་གང་ལགས་འཕོ་བ་གང་།། འཆི་བ་གང་ལགས་ཤི་བ་གང།། རོ་ནི་གང་ལགས་རོ་ཆེན་གང་།། དེ་བཞིན་ཤིབ་ཆེན་པོ་གཔ
50a4 ཐལ་བ་གང་ལགས་ཐལ་ཆེན་གང་། ཚ་ཚ་གང་ལགས་ཚ་ཚ་ཡི།། ཆེན་པོ་གང་ལགས་གནས་ནི་གང་།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཐབས་དང་ཤེས་རབ་སྙོམས
50a5 འཇུག་པ། ། རྣལ་འབྱོར་ཞེས་ནི་གསུངས་པ་ཡིན།། དུས་མིན་ལྷ་ནི་གསོད་པ་སྟེ།། དང་པོར་འཕོ་བའི་རྟགས་དང་ཡང་།། དུས་ཚོད་ངེས་པར་ཤེས་བྱ་སྟེ།། བར་ཆད་མེད་པའི་ཏིང་འཛིན་གྱིས།། འཁྲུལ་འཁོར་བཅས་ཏེ་ཁྱད
50a6 པར་གྱི། འབྲས་བུ་འབྱུང་བར་འཕོ་བར་ངེས།། ཁམས་དང་འབྱུང་བ་སོ་སོར་ཐིམ།། སྲོག་གི་རྩོལ་བ་ལ་ཐིམ་སྟེ།། རྩོལ་བ་རྣམ་ཤེས་ལ་ཐིམ་པའི།། སྐད་ཅིག་དང་པོ་འཆི་བ་སྟེ།། རྡོ་རྗེ་ཅན་སོགས་རིགས་བཞི་དང་།། རྣམ
50a7 སྣང་ཐར་དབྲལ་བ་ཡི། ། སྐད་ཅིག་དང་པོ་ཤི་བ་སྟེ།། དེ་ནས་ཞག་བདུན་བར་དུ་བཞག། ལུས་ཀྱི་མཁའ་འགྲོ་མྱ་ངན་འདས།། དེ་ནས་ཤིབ་ཆེན་པོར་གྲགས།། ལུས་ནི་ཏ་ལའི་མགོ་བོ་འདྲ།། འདི་ཉིད་དོ་ཞེས་གསུངས་པ་སྟེ།། ཡེ་ཤེས།
50a8 དབབ་དང་ཡེ་ཤེས་བརྟན།། མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད།། སྤྱི་བོ་མགྲིན་པ་སྙིང་ག་རུ།། དྲི་ཡི་ཐིག་ལེ་གསུམ་བྱས་ཏེ།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ།། ཐོག་མར་དྲི་ཞིམ་སྣ་ཚོགས་ཀྱིས།། ཁྲུས




iiif viewer powered by OpenSeadragon

49b - 50b

Texts on this page

Q44 - dpal rdo rje mkha' 'gro gsang ba'i rgyud kyi rgyal po
Q45 - dpal gsang ba me 'bar ba'i rgyud kyi rgyal po