e-texts navigator
Collection
Volume
Page
Wylie

40b1 མེ་འབར་བའི་རྐྱེན་གྱུར་པ།། རླུང་ཉིད་ཡིན་པར་གསུངས་པ་སྟེ།། རྐྱེན་དེས་མེ་ཉིད་འབར་བར་བཤད།། གཞན་ཡང་རྐྱེན་གྱི་བྱེ་བྲག་གང་།། སྲོག་རྩོལ་རླུང་ནི་དབུ་མར་དགག། བུམ་པ་ཞབས་མེད་དྲུང་ཕུལ་ནས།། སྒོ་དགུ་ཕྱི་རོལ
40b2 དྲག་ཏུ་བྱུང་། ། ལུས་ཀྱི་ངལ་དུབ་ཆ་སྙམས་ཏེ།། སྦྱོར་བ་རྫོགས་ན་བདེ་བའི་རྐྱེན།། བདེ་བ་ལས་ནི་རྡོ་རྗེ་འཆང་།། བདོ་བ་ཡིས་ནི་བདེ་བ་འགྲུབ།། ཆུ་བདེ་བ་ལས་འབྲས་བུ་བདེ།། རྒྱུ་ཡི་ནང་ན་འདི་མཆོག་ལ།། འབྲས་བུའི་ནང་ན་འདི་མཆོན།
40b3 དེ་ནས་བདེ་བའི་རྐྱེན་གྱུར་པ།། སྲིད་པའི་དགག་དང་རླུང་དགག་པ།། གནས་ནས་གནས་སུ་རྟེན་བཟུང་སྟེ།། གཡས་བརྐྱང་བས་ནི་རོམ་དགག། དཔའ་བོག་ཡས་ནས་མཁའ་འགྲོ་གཡོན།། གཡོན་རྒྱང་བས་ནི་ནྱང་མ་སྟེ།། སགས
40b4 ཀུན་དོར་མ་རུ་གཟུང་། ། དེ་བཞིན་ཟླུམ་པོས་དབུ་མར་གཟུང་།། དེ་དག་ཀུན་གྱི་བྱེ་བྲག་ཀྱང་།། དཔའ་བོས་གཡས་དང་གཞན་གྱིས་གཡོན།། དེ་བཞིན་ཀུན་ལ་སྦྱར་བར་བྱར།། གཞན་ཡང་གཟུང་བའི་གྱི་བྲག་ཀྱང་།། དྲིལ་ཅན་བུ་གུང་དུ
40b5 ལམ་གྱི། ། རླུང་རྒྱུ་ཕྱི་རུ་བུས་བྱས་ཏེ།། རྐང་ལག་དྲག་ཏུ་བསྒྲིམས་བྱས་ན།། ཟིན་པར་འདི་ལ་ཐེ་ཙོམ་མེད།། དཔའ་བོ་མཁའ་འགྲོ་ས་གཉིས་ཀྱིས།། ཐུན་མོང་དུ་ནི་བྱ་བར་གསུངས།། བཻ་རོ་ཙ་ན་ལས་ཀྱི་རླུང་།། གཞན་ཡང་ལམ
40b6 བརྒྱད་རླུང་རྣམས་དག། དང་པོ་ཉིད་དུ་བསྡམས་བྱས་ན།། ཟིན་པར་འདི་ལ་ཐེ་ཙོམ་མེད།། དབྱེ་བ་བསྡམ་པའི་མན་ངག་གོ། བྱེད་པ་སྤེལ་མར་སོང་གྱུར་ན།། མི་ཟིན་པ་ལ་ཐེ་ཙོམ་མེད།། གནས་གསུམ་དག་ཏུ་ཀྵ་བསམས་ཏེ།།
40b7 དབུགས་གསུམ་པ་ཡིས་ཡར་དྲངས་ཏེ།། ལྟེ་བའི་གྱེན་ལ་དྲངས་ཀྱང་ཟིན།། འདི་ནི་གང་ཟག་མཆོག་གིས་ཡིན།། མཛེས་པའི་སྤྱི་བོ་དེ་ཉིད་ལ།། གྱེན་དུ་བཀན་དང་ཐུར་དུ་ཀ་ན།། དྲང་པོར་གཡས་གཡོན་པ་ཅན་ཐབས་ལ།། ཀ་ཏིའི
40b8 གཟེར་ནི་བཙན་ཐབས་གཅིག། སྦོམ་པོ་ཁྲོ་མེས་མནན་པ་སྟེ།། བླ་མའི་ཞལ་ནས་མ་བླངས་ན།། ལུས་ཀྱི་ནད་བཞི་ཀུན་ནས་སྐྱེ།། ཆུ་འགེགས་ཆུ་སོ་སྐངས་ལ་སོགས།། ལུས་སྨད་ནད་སྣ་ཉི་ཤུ་འབྱུང་།། གཞན་ཡང་བཅན་ཐབས




iiif viewer powered by OpenSeadragon

40a - 41a

Texts on this page

Q39 - dpal ye shes 'bar ba'i rgyud kyi rgyal po