e-texts navigator
Collection
Volume
Page
Wylie

40a1 སྒོ་གསུམ་ཡོན་ཏན་གསུམ་ལྡན་ན།། སོར་བཞི་ཕྱི་རུ་འབྱུང་བར་དེས།། འབྲིང་ལ་སོར་གཉིས་ཐ་བ་ལ།། སོར་དང་ནས་ཀྱི་ཚད་ཀྱིས་བྱུང་།། སྦོམ་ཕྲག་ཞན་སྐྱེས་ཕྲ་མོ་ཙམ།། དང་པོ་བྱ་གདོང་ཉིད་ན་གནས།། རྣམ་ཐར
40a2 སོར་གཉིས་སྐྱེ་མཆེད་བཞི། ། སྟོང་པ་བཅུ་དྲུག་ཁམས་བཅཝ་བརྒྱད།། ཉི་ཤུ་ལྟེ་བར་ཉི་ཤུ་ལྔ།། སྙིང་ཁ་རུ་ནི་གནས་པའོ།། སྨན་ལ་སོགས་པ་ཀུན་ལྡང་བས།། དྲང་བའི་སྦྱོར་བ་བརྩམ་པར་བྱ།། རྣམ་སྣང་སྐུ་རེགས་བཅིངས་པ་དང་།།
40a3 རྒྱབ་ཡོལ་དབུལ་དང་མཆོད་པ་དབུལ།། གདན་ཁྲི་དབུལ་དང་སྐུ་ཁྲུས་དབུལ།། སྨན་མཆོད་དབུལ་དང་མེ་མཆོད་དབུལ།། དེ་ནས་རེག་བྱའི་མཆོད་པ་དབུལ།། ཀུན་རྫོབ་ལྷོ་ཡི་རྩེ་མོ་འམ།། ཁྲོ་བོ་འཛུབ་མོའི་རྩེ་མོ་ལ།། བདུད་རྩི་རི་ལུ་ལེགས།
40a4 བྱས་ཏེ།། མཁས་པས་རེག་བྱའི་མཆོད་པ་དབུལ།། མངོན་དུ་ཤེས་པ་གདོན་མི་ཟ།། བདེ་བ་ཆེན་པོའི་མཆོད་པ་ཡིས།། ཁམས་གསུམ་མཆོད་པ་གདོན་མི་ཟ།། དར་རམ་མེན་ཏྲི་སོར་བཞིའི་ཚད།། རྐེད་པར་སྐུ་རེགས་དབུལ་བར་བྱ།། སྤྲུལ
40a5 པའི་གཡས་དང་གཡོན་གཉིས་སུ། ། རས་པལ་ལ་སོགས་རྒྱབ་ཡོལ་དབུལ།། ཤིང་བུ་རིགས་དང་འཐུན་པ་ཡིན།། སྦོམ་ཕྲ་རིགས་ཀྱི་བདག་པོ་ཙམ།། དྲི་མེད་སྨན་དང་སྣུམ་ལྡན་པའི།། ཟུག་རྔུ་མི་སྐྱེད་མཆོད་རྫས་ཀྱིས།། བེ་རོ་ཙ་ནའི་ལམ
40a6 དུ་མཆོད། ། དྲི་ཞིམ་ཆུ་ཡིས་ཁྲུས་བྱས་ཏེ།། ཁྲུས་ཀྱིས་ལུས་ལ་མཆོད་པ་དབུལ།། སྨན་དང་སྣུམ་གྱི་ཕྱེ་མ་ཡིས།། སྒོ་གཉིས་དག་ཏུ་མཆོད་པ་དབུལ།། ཤིན་ཏུ་དྲོ་བའི་མེ་དག་གིས། གཏུམ་མོ་མེ་ལ་མཆོད་པ་དབུལ།། རྐེད་པའི་ཚང
40a7 མཉམ་ག་ཏི་ཀ། གདན་ཁྲི་བསྟབས་པའི་མཆོད་པ་དབུལ།། དེ་ཡིས་འདྲོངས་པར་གདོན་མིཟ།། དེ་ནས་རྒྱས་པར་བྱ་བ་ཡང་།། གཞན་ནི་གོང་དང་འདྲ་བ་སྟེ།། ཕྱི་ནང་འདོད་པའི་མཚན་མ་ཀུན།། རྒྱས་པར་བྱེད་པའི་ལས་ཡིན་ཏེ།།
40a8 རྒྱས་པའི་སྦྱོར་བ་གསུམ་བྱས་ན།། དཔེར་ན་མེ་ཏོག་པད་མ་བཞིན།། དེ་ནས་དབྱེ་བའི་རིམ་པ་ཡང་།། གོང་དུ་གསུངས་པ་ཐུན་མོང་སྟེ།། དུས་གསུམ་ལྕེ་ཡི་རྩེ་མོས་ཀྱང་།། བསྐྱེད་ན་ངེས་པར་ཁ་འབྱེད་དོ།། དེ་ཉིད་གསུམ་ནི་མེ་རང་བཞིན།།




iiif viewer powered by OpenSeadragon

39b - 40b

Texts on this page

Q39 - dpal ye shes 'bar ba'i rgyud kyi rgyal po