e-texts navigator
Collection
Volume
Page
Wylie

39a1 འཆག་པ་གསུམ། ། རྣལ་འབྱོར་ཆེན་པོས་གནས་བྱ་སྟེ།། གཡེང་བས་གཡེང་བ་སྤོང་བ་ནི།། བྷུ་སུ་ཀུ་ཡི་སྤྱོད་པའོ།། རྒྱན་འཆང་བ་དང་བདུད་རྩི་མྱང་།། ཕྱག་རྒྱ་བསྟེན་དང་རྣམ་པ་གསུམ།། ཨབ་དཱུ་ཏཱིའི་སྤྱོད་པ་སྟེ།།
39a2 དྷན་ལ་དྲུག་སྟེ་ཕྱག་རྒྱ་ལྔ།། བདུད་རྩི་བཅུ་སྟེ་མི་གཙང་བས།། མི་གཙང་འཁྲུང་བའི་སྤྱོད་པའོ།། གནས་ནི་ཁ་ན་མ་ཐོ་མེད།། ཕྱི་ནང་གཡེང་མེད་གནས་ཡིན་ནོ།། རྟོག་པར་འཇོམས་པསློབ་པའི་དུས།། གྲུབ་ན་རྫུ་འཕྲུལ་སྟོན་པའི་དུ་།།
39a3 ཐབས་ནི་གཞན་གྱིས་མཐོང་བ་དང་།། སྒྲོ་དང་སྐུར་བ་མེད་པའོ།། དགོངས་བསྙེན་པོའི་སྟོབས་ཡིན་ཏེ།། རྙེད་དང་བཀུར་སྟི་གྲགས་པ་དང་། ཟུག་རྔུའི་ཁ་ཟས་མ་ཡིན་ཏེ།། བླ་མའི་དུས་ཐབས་ལེགས་བསྟེན་བླང་།། ཁ་ཟས་རྣམ་རྟོག་ཆུང་བ
39a4 ཡི། ། ལས་དང་པོ་ཡིས་བྱ་བར་གསུངས།། དབྱེ་བ་གསུམ་དང་བྱེ་བྲག་ནི།། གོང་དུ་གསུངས་པ་ཁོ་ནའོ།། ངོ་བོ་རྟོག་མེད་སེམས་དེ་ཉིད།། གཙང་སྟེ་འགགས་དང་སྤྲུལ་པ་སྟོན།། འདི་ཉིད་འགྲུབ་པའི་ཚད་ཡིན་ནོ།། དགོངས་པ་ལ་ཡང་གཉིས
39a5 ཡོད་དེ། ། གཙང་སྨེ་སྤང་བ་དགོངས་པའི་དོན།། དགོངས་པ་དངོས་ལ་རྣམ་པ་བཞི།། རང་སེམས་བརྟན་གཡོ་རྟག་པ་དང་།། ཕྱག་རྒྱ་ཁྱད་པར་ཚོལ་བ་དང་།། ངེས་འདུལ་གང་ཟག་གཞུག་པ་དང་།། མི་མོས་སྐུ་རབ་དགག་པའོ།། གསང་སྔགས
39a6 རྒྱལ་པོའི་ལྷ་སྤྱོད་ཀྱིས། ། འཁོར་གྱི་དཔའ་བོ་མཁའ་འགྲོའི་ཚོགས།། དུས་དང་བ་རྒྱལ་དང་འགྱེལ་གྱུར་པས།། དབུགས་དབྱུང་བ་ཡི་ཏིང་འཛིན་གྱིས།། ཐམས་ཅད་དྲན་པ་སླར་རྙེད་ནས།། ཐམས་ཅད་མགྲིན་གཅིག་འདི་སྐད་གསོལ།
39a7 དངོས་པོ་རོ་མཉམ་གྱུར་པ་ཡི།། ལྟ་བ་འདི་ཡང་ངོ་མཚར་ཆེ།། གཡེང་བས་གཡེང་བ་སྤོང་བ་ཡི།། མྱོད། བ་འདི་ཡང་ངོ་མཚར་ཆེ།། ཆོས་རྣམས་སྟོང་པར་རོ་མཉམ་ན།། ལྷ་དང་མི་ལྟ་ག་ལ་ཡོད།། གཙང་སྨེ་བདུད་རྩི་རོག་ཅི།
39a8 ལ།། སྤྱོད་དང་མི་སྤྱོད་ག་ལ་ཡོད།། དབང་བསྐུར་བ་དང་རྡོ་རྗེ་འཛིན།། མཉམ་བཞག་རྗེ་ཐོབ་ག་ལ་ཡོད།། ཐམས་ཅད་སེམས་ཀྱི་དབོལ།། གཟུང་དང་འཛིན་པ་གལ་ཡོད།། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།།




iiif viewer powered by OpenSeadragon

38b - 39b

Texts on this page

Q38 - dpal ye shes phreng ba'i rgyud kyi rgyal po