e-texts navigator
Collection
Volume
Page
Wylie

38b1 ཤེས་རབ་གཉིས། ། བློ་དང་ལྷན་ཅིག་གཅིག་གྱུར་པ།། ནམ་མཁར་ནམ་མཁའི་རང་བཞིན་ནོ།། རང་རིག་ཡེ་ཤེས་གང་འདོད་པས།། མཚན་མའི་རྣམ་རྟོག་བསྒོམ་པ་མིན།། དམན་པ་རྣམས་ལ་སྐུར་མི་བཏབ།། དེ་ཉིད་ལ་ཡང
38b2 སྒྲོ་མི་གདགས། ། དང་པོར་བསྐལ་པར་བསྒོམས་པ་དང་།། རང་རིག་སྐད་ཅིག་ཐོབ་པ་གཉིས།། བརྒྱ་སྟོང་ལ་སོགས་ཆར་མི་ཕོར།། དཔེ་དང་བགྲང་བར་མི་ནུས་ཏེ།། དཔེར་ན་མཚོ་དང་རླབས་རྗེས་བཞིན།། དངོས་པོ་བསྒོམ་པ་བསྒོམ་པ
38b3 མིར། ། དངོས་མེད་བསྒོམ་པ་བསྒོམ་པ་མིན།། དངོས་དང་དངོས་མེད་རོ་མཉམ་ན།། མ་བསྒོམས་ན་ཡང་བསྒོམས་པ་ཉིད།། བསྒོམ་དང་མི་སྒོམ་གཉིས་ཀ་མེད།། འོད་གསལ་དེ་ལ་སེམས་ཟིན་ན།། གཟུང་འཛིན་དགྲ་ཡི་དཔུང་རྣམས
38b4 འཇོམས། ། ཕྱོགས་བཅུ་འཇིག་རྟེན་ཁམས་བཅས་པའི།། དཔའ་བོ་མ་པར་འགྲོ་མཆོད་པའི་གནས།། རབ་ཀྱིས་མཉམ་བཞག་རྗེས་ཐོབ་སྤངས།། འབྲིང་གིས་རྗེས་ཐོབ་སྟོང་པར་བལྟ།། ཐམས་རྗེས་ཐོབ་སྒྱུ་མར་བལྟ།། སེང་གེ་ལྟ་བུའི
38b5 ལྟ་སྤྱོད་ནི། ། བཞི་པ་ཡིན་པར་ང་ཡིས་གསུངས།། དེ་ནས་སྤྱོད་པའི་རྒྱལ་པོ་བཤད།། སྤྱོད་པ་རྣམ་པ་གསུམ་ཡིན་ཏེ།། ཀུན་ཏུ་བཟང་པོ་བུ་སུ་ཀུ།། ཨ་བ་དྷཱུ་ཏཱི་གསུམ་ཡིན་ནོ།། སྤྱོད་པའི་དུས་དང་གནས་དང་ཟས།། གང་ཟག་དང
38b6 ནི་དབྱེ་བ་དང་། ། ངོ་བོ་དང་ནི་ཚང་དང་ཡང་།། ཐབས་དང་དགོངས་པ་དགོས་པ་དང་།། མཁས་པས་ཀུན་ལ་སྦྱར་བར་བྱ།། སངས་རྒྱས་རིགས་དང་རྡོ་རྗེའི་རིགས།། རིན་ཆེན་རིགས་དང་པད་མའི་རིགས།། ལས་ཀྱི་རིགས་དང་སྤྱོད་པ་ལྔ།།
38b7 ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན།། སྡོམ་པ་གསུམ་ལ་གནས་པ་དང་།། དཀོན་མཆོག་གསུམ་ནི་འཛིན་པ་དག། སངས་རྒྱས་ཀྱི་ནི་མཆོག་གི་སྤྱོད།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཛིན།། བླ་མ་འཛིན་པ་རྡོ་རྗེའི་སྤྱོད།། དམ་ཚིག་ཡིད་འོང་དུས
38b8 བཞིར། ། སྦྱིན་པ་རྣམ་པའི་རིན་ཆེན་སྤྱོད།། ཐེག་པ་གསུམ་དང་དམ་ཆོས་འཛིན།། པད་མ་གར་གྱི་སྤྱོད་པ་ཡིན།། དམ་ཚིག་ཐམས་ཅད་ལྡན་པ་དང་།། མ་གྲོལ་ལ་སོགས་དཀྲོལ་བནི།། རྟ་ཡི་རྒྱལ་པོའི་སྤྱོད་པ་ཡིན།། ཟབ་ཉལ་བ




iiif viewer powered by OpenSeadragon

38a - 39a

Texts on this page

Q38 - dpal ye shes phreng ba'i rgyud kyi rgyal po