| | e-texts navigator
|
216a1 བསྟ་དང་། ། རང་འདོད་ཡིད་ཀྱི་གནས་དང་ནི།། ནམ་མཁའ་རྒྱུ་བའི་ལུས་ཅན་དང་།། སེམས་ཅན་ཀུན་གྱི་གཞན་དོན་གཉེར།། མཆོག་ནི་མྱུར་དུ་སྟེར་བར་འགྱུར།། ལུས་དང་དབང་པོ་དོན་གཉེར་བས།། བདག་མེད་པ
216a2 ཡིས་རང་གར་བྱ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས།། སྦྱོར་བས་འཁོར་བསྒྲོལ་བར་འགྱུར།། སངས་རྒྱས་འདྲེན་པ་རྣམས་ཀྱི་ཡང་།། སྦྱོར་བ་གཞན་ན་དོན་གཉེར་འགྱུར།། སྒྲུབ་པོ་འདྲ་འདི་མེད་པ་དང་།། བློ་སྒྲོགས་སྟེ།
216a3 བོས་དབེན་པ་ཡི།། ཚལ་དང་རི་སུ་ལ་བྲག་ཕུག་ཏུ།། གནས་ནས་དེ་རུ་བསྒོམ་པར་བྱ།། ནག་མུ་ལ་བ་ལ་ཤ། རུ་རྟ་ཆ་ནི་གསུམ་པོ་དག། མ་ག་དྷ་ནི་སྲང་གཅིག་སྟེ།། ཆ་བསྙམས་ཕྱེ་མར་བྱས་ནས་ནི།། བ་ཡི་འོ་མར་ཡང་དག་བཙ་མོ།།
216a4 ཕྱེ་མ་བཞི་ཆར་བསྲེས་ནས་སུ།། འདི་ནི་ཉིནི་རྣལ་འབྱོར་པ།། མཁས་པ་ཡིས་ནི་བཟའ་བར་བྱ།། རྣལ་འབྱོར་ཅན་གྱི་ལོ་བརྒྱ་རུ།། བྲག་ཕུག་སྟོང་སོགས་གནས་ནས་ནི།། ངེས་པར་ཤིན་དུ་སྨིན་པ་ཡིས།། གླང་དང་བཀྲེས
216a5 སྐོམ་ལས་སོགས་གྲོལ། ། སྨན་འདི་དག་ནི་ལྡན་པ་རུ།། བྲག་ཕྲག་སྟོང་སོགས་གནས་ནས་ནི།། འདུལ་བ་བསྲུང་བའི་རྣལ་འབྱོར་པ།། ལུས་ནི་རྟག་ཏུ་བསྲུངས་པར་འགྱུར།། ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་།།
216a6 གཉིས་སྤྱོད་གཏམ་དུ་སྨྲ་ཞིང་སྟོན་པ་སྟེ།། དེ་ལྟར་ལམ་བཤད་འཆི་བ་ཡོད་མ་ཡིན།། རྣལ་འབྱོར་ལམ་ངན་དེ་ལྟར་བསྟན་པ་མིན།། རིག་བྱེད་ཆུ་དང་དེ་བཞིན་དུ་བ་རྣམས།། བྲམ་ཟེས་སྤྱིར་བཞག་སངས་རྒྱས་པས
216a7 གཟུང་མིན། ། དབང་བསྐུར་སྔགས་སོགས་ཉམས་ཀྱིས་འཇིགས་པས་ན།། གནས་ངནཿཚོགས་རིགས་ལ་ཕྱག་མི་བྱ།། །། དེ་ནས་རྣལ་འབྱོར་པ་དང་། རྣལ་འབྱོར་མ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་།།
216a8 བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ཕྲག་བརྒྱད་བཅུ་དུ་མའི་འཁོར་རྣམས་སེམས་ཚིམ་ནས།། ཐམས་ཅད་ཀྱིས་ཡེ་ཤེས་ཐོབ་པར་གྱུར་ཏེ།། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་།། སེམས
iiif viewer powered by OpenSeadragon
215b - 216b