| | e-texts navigator
|
215b1 ནིགཞོམ་པར་བྱ། ། ཕྱོགས་དང་ཕྱོགས་ཀྱི་མཚམས་དག་ཏུ།། ཕྱོགས་ཕྱོགས་གནས་སུ་བཞག་ནས་སུ།། རང་བཞིན་ཐམས་ཅད་བཅོམ་པ་ཡི།། ལྷག་མ་རྣམ་ཤེས་ཡེ་ཤེས་ཉིད།། ཤར་གྱི་ཕྱོགས་སུ་ཆུ་ཡིན་ཏེ།། ཁ་དོག་དཀར་པོ་ཀུན་དུ
215b2 འོད། ། པེ་ནི་སེར་པོ་འོད་འབར་བར།། རྟག་ཏུ་བྱང་དུ་བསམ་པར་བྱ།། རླུང་གི་ས་བོན་དམར་པོ་ནི།། ནུབ་ཀྱི་ཕྱོགས་ཀུ་བརྟག་པར་བྱ།། ས་ཡི་ས་བོན་ལྗང་ཁུ་རོ།། ལྷོ་ཡི་ཕྱོགས་སུ་བསམ་པར་བྱ།། ཕྱོགས་མཚམས་འདྲེས་པའི་ཁ་དོག་གི།
215b3 གྲཝ་བཞི་དག་ཏུ་སྦྱར་བར་བྱ།། ལྷག་མ་དབུས་ཀྱི་ཡེ་ཤེས་ཏེ།། སྒོང་སྐྱེས་བཅས་པ་གཞོམ་པར་བྱ།། དེ་ཡི་མཚན་ཉིད་མཚོན་པར་བྱ།། མཚོན་བྱ་མཚན་ཉིད་དངོས་མེད་པའོ།། སེམས་ཀྱི་དངོས་པོ་སྟོང་པ་བས།། རང་བཞིན་གརླ
215b4 རྣམས་ཟད་པར་བྱ། ། རྣམ་རྟོག་སྟོང་པའི་དབུས་དག་ཏུ།། རྡུལ་ཕྲན་ཙན་ལྟ་བུའི་གཟུགས།། ཨཱ་ལི་ཀཱ་ལི་ས་བོན་ནི།། རྡུལ་ཕྲན་ཞེས་བྱ་དབུས་སུ་སྟེ།། རྣམ་པ་མེད་ཅིང་བརྗོད་དུ་མེད།། ཐམས་ཅད་རྡུལ་ཞེས་བྱ་བ་ལ།། སྟོང་པ་ཉིད
215b5 དུའང་མི་དམིགས་ཏེ། ། གཟུགས་ལས་སོགས་པར་མི་བལྟའོ།། རྡུལ་ནི་ས་བོན་མ་ཡིན་ལ།། རང་བཞིན་མེད་ཅིང་མཚན་ཉིད་མེད།། རླུང་དང་ནམ་མཁའ་མ་ཡིན་ཏེ།། མཉམ་ཉིད་དབུ་མར་མཚོན་པར་བྱ།། གཟུགས་དང
215b6 སྟོང་པ་དེ་བཞིན་དབུས། ། དེ་བཞིན་རྣལ་འབྱོར་ཅན་གྱིས་བཟུང་།། བླ་མའི་ལུང་གིས་རྟོགས་བྱ་སྟེ།། ལུང་གི་དམ་པ་དག་དང་ནི།། བསྟན་བཅོས་མཚན་ཉིད་སྤྱད་ནས་སུ།། ལུང་དང་བཅས་པས་འགྲུབ་པར་འགྱུར།། མི་གཡོ་འང
215b7 འཚ་བ་མེད་པ་རུ། ། དངོས་པོས་དངོས་པོ་བསྒོམ་པར་བྱ།། མཉམ་བཞག་དངོས་པོ་དབྱད་ནས་ནི།། བྱང་ཆུབ་རིམ་པར་འགྲུབ་པར་འགྱུར།། ཡེ་ཤེས་ཐིམ་པའི་རྣལ་འབྱོར་པས།། སེམས་ཅན་དོན་བྱེད་མཆོག་ཏུ་བཅོན།། ཀུན
215b8 རྟོག་ལུས་དང་སེམས་ཀྱི་ནི། ། གར་ཚེ་ཡུལ་འཁོར་བསྲུང་འདོད་ན།། ཡེ་ཤེས་དབང་པོའི་ལོངས་སྤྱོད་ཅན།། རང་འདོད་ལུས་ཀྱི་དངོས་གྲུབ་ཀྱིས།། རྒྱུན་ཏུ་ཞུགས་པའི་འབྲས་འདོད་ཅིང་།། ཁམས་གསུམ་ཡེ་ཤེས་ཀྱིས
iiif viewer powered by OpenSeadragon
215a - 216a