| | e-texts navigator
|
19a1 བསྟན་བློནམ་མཁའ་ཆེ། ། ར་རུ་མིའུ་ཐུང་སྐུ་གསུང་ཐུགས།། དེ་རུ་ལང་ཀ་རིན་ཆེན་ཕྲེང་།། མ་རུ་ཤིང་གྲིབ་དམ་ཚིག་ཆེ།། ཀ་རུ་ཨེར་སྟོབས་པོ་ཆེ།། ཨོཾ་རུ་འཇིགས་བྱེད་ཡེ་ཤེས་གསང་།། ཏྲི་རུ་རླུང་ཤུགས་ཡེ་ཤེས་ཕྲེང་།།
19a2 རུ་ཆང་འཐུང་ཡེ་ཤེས་འབར།། ཀ་རུ་ཥཱ་མ་ཟླ་བའི་ཕྲེང་།། ལ་རུ་ཤིན་བཟང་རིན་ཆེན་འབར།། ཀ་རུ་རྟ་རྣ་ཉི་མའི་འཁོར།། ཧེ་རུ་ཁ་ཁ་ཡེ་ཤེས་རྒྱལ།། པྲེ་རུ་འཁོར་ཤུགས་མཁའ་འགྲོགས་།། གྲི་རུ་ཁཎ་ཌ་གསང་མེ་འབར།། སོ་རུ་ཤོན
19a3 ཏི་གསང་བདུད་རྩི། ། སུ་རུ་འཁོར་ལོ་དུར་ཁྲོད་རྒྱན།། ན་རུ་ཤིན་དཔའ་རྡོ་རྗེ་རྒྱལ།། སུ་རུ་སྟོབས་ཆེན་ཡེ་ཤེས་རྒྱལ།། མ་རུ་འཁོར་སྒྱུར་ཆགས་པའི་རྒྱལ།། ཀུ་རུ་བརྩོན་འགྲུས་མཁའ་འགྲོ་སྡོམ།། དེ་དག་གཏད་དོ་ལེགས་པར་སྤོས།།
19a4 ནང་དུ་ཙཎ་ཌ་ལི་དག་ནི།། ཉི་ཤུ་བཞི་ནི་གཏང་བ་སྟེ།། དང་པོ་གསང་བ་གཉིས་པའང་།། རང་བཞིན་ཡིན་ཏེ་དེ་ནས་དབང་།། རྐྱེན་ནི་ཐ་མས་གསུངས་པ་སྟེ།། མཁའ་འགྲོ་ཁྱེད་ཀྱི་རང་བཞིན་ཏེ།། དེ་ནས་དངོས་གྲུབ་གང་འདོད་སྦྱིན།།
19a5 དངོས་གྲུབ་དམ་པ་གང་འདོད་པས།། དབང་དང་དམ་ཚིག་ལྡན་བྱས་ཏེ།། རྟ་དང་གླང་པོ་ལ་སོགས་དང་།། བུ་དང་ཆུང་མ་ནོར་གྱི་དབྱིག། བསྙེན་བཀུར་དག་གིས་བསྙེན་བྱས་ཏེ།། བདུད་རྩི་རོ་ཡི་ར་ལི་ལས།། བླ་མའི་ཞལ་ནས་དངོས་གྲུབ
19a6 བླང་། ། ཡིད་ལ་ཟུང་ལ་དྲན་པར་གྱིས།། དེ་ནས་འཁོར་འདུས་པ་དེ་དག་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ།། སྐུ་གསུང་ཐུགས་ཀྱི་རང་བཞིན་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སྐྱེ
19a7 པ་ཎི་ཏ་གཱ་ཡ་དྷ་ར་དང་། ། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་ཞུས་ཤིང་བསྒྱུར་བའོ།། 6།། རྒྱ་གར་སྐད་དུ། ཤཱ་མཧཱ་ཥཱ་ཏན་ཏྲ་རཱ་ཛ། བོད་སྐད་དུ། དཔལ་ནམ་མཁའ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ།། དཔལ་བདེ་བ་ཆེན
19a8 ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ།། གཞན་ཡང་དཔའ་བོ་དང་མཁའ་འགྲོ
iiif viewer powered by OpenSeadragon
18b - 19b