| | e-texts navigator
|
125b1 མཛད་དོ། ། འཇིགས་པ་ཐམས་ཅད་ལས་རབ་ཏུ་སྒྲོལ་བར་འགྱུར་རོ།། སྟོབས་དང་ཚེ་དང་དཔལ་རབ་ཏུ་གཏེར་ཅིང་མི་ཟད་པའི་ཡེ་ཤེས་ཐོབ་པར་བྱེད་པ་དང་ཉམ་ང་བ་དང་བག་ཚ་བ་མེད་པར་སེང་གེའི་སྟོབས་ཀྱིས་རྒྱུ་ཞིང་བདུད་ཀྱི
125b2 རིས་ཀྱི་ཕྱོགས་མ་ལུས་པ་པ་མཞིང་སྐྲག་སྟེ་མགོ་འགེས་པ་ཙམ་དུ་བྱེད་པར་འགྱུར་ཞིང་རྒྱ་མཚོ་ཆེན་པོའི་མཐར་ཐུག་པར་བྱེད་པར་འགྱུར་རོ། ། གང་གིས་གཏུམ་པ་དང་དཔའ་བ་དང་དྲག་པོའི་བརྟུལ་ཞུགས་ཀྱིས
125b3 ཀུན་ཏུ་སྤྱོད་པ་རྡོ་རྗེའི་ཏིང་ངེ་འཛིན་མི་ཤིགས་པར་འགྱུར་བ་མེད་པའི་ཚུལ་གྱིས་ཁྱད་པར་རྒྱུ་བའོ། ། གནས་ཀྱི་མཁའ་འགྲོ་མ་དང་པོ་ཉའི་མཁའ་འགྲོ་མ་དང་འཇིག་རྟེན་གྱི་མཁའ་འགྲོ་མ་དང་དམ་ཚིག་གི་མཁའ་འགྲོ་མ
125b4 དང་ཤ་ཟའི་མཁའ་འགྲོ་མའི་དབང་ཕྱུག་ཏུ་འགྱུར་རོ། ། རྡོ་རྗེ་རིགས་ཀྱི་མཁའ་འགྲེ་ཕོ་ཉ་མོ་དྲུག་བཅུ་རྩ་བཞིས་ཀྱང་འཕྲིན་ལས་ཐོགས་པ་མེད་པ་འགྲུབ་པར་བྱེད་དོ།། ཞིང་སྐྱོང་ཆེན་པོ་དང་ཉེ་བའི་ཞིང་སྐྱོང་ཉི་ཤུ་རྩ་བཞི་པོ་དག
125b5 གིས་ཀྱང་ཕྲིན་ལས་ཐོགས་པ་མེད་པ་སྒྲུབ་པར་བྱེད་པའོ། ། གདུལ་དཀའ་བ་མ་ལུས་པ་འདུལ་ཞིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པར་བྱེད།། གང་དུ་རྒྱུད་འདི་འཆང་བ་དང་ཀློག་པ་དང་འཛིན་པ་དང་སེམས་པ་དང་དེ
125b6 བཞིན་ཉིད་དུ་གནས་པ་དང་། རྣལ་འབྱོར་དུ་གང་གནས་པ་ལ་ཉེ་བར་སྐྱོབ་པར་བྱེད་དོ།། ཉེ་བར་དགོངས་པས་མཁྱེན་པར་འགྱུར་རོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་ས་གསུམ་དུ་བསྒྲུབ་པའི་དབང
125b7 ཕྱུག་ཏུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པགོ། ། ། དེ་ནས་གཞན་ཡང་བཤད་བྱ་བ།། གས་བ་མངོན་པར་འབྱུང་བའི་གནས།། དྲང་སྲོང་ཐུབ་པས་ཡང་དག་བསྟན།། ངེས་པར་གསང་བ་འཛིན་གྱུར་པ།། རྒྱལ་བ
125b8 ཡོན་ཏད་འབྱུང་བའི་གཏེར། ། ཡེ་ཤེས་མགོན་པོ་ཆེན་པོ་དང་།། ལས་ཀྱི་མགོན་པོ་དུ་མར་བཅས།། དཔལ་ལྡན་ལྷ་མོ་ནག་མེ་ནི།། འཁོར་བཅས་དཀྱིལ་འཁོར་བསྟན་པ་སྟེ།། སྐལ་ལྡན་ལམ་འདི་འཛིན་པ་གང་།། ང་ཡིས
iiif viewer powered by OpenSeadragon
125a - 126a