e-texts navigator
Collection
Volume
Page
Wylie

245b1 མཐའ་དང་དགུ་ཡི་མཐར། ། རྐང་མཐིལ་མགོ་བོ་མེད་པར་ནི།། ཐག་པ་གཅིག་ནི་རྣམ་བྱུང་ནས།། ལྟེ་བའི་དབུས་རྣམ་པར་གནས།། ཆ་ནི་ལྔ་པ་ཙམ་ཉིད་ནི།། ཀླུང་དབང་དབྱིབས་སུ་རྒྱས་པ་ལ།། དེ་ཡི་ཆ་ཡང་།
245b2 ཕྱེ་ནས་ནི། རྡོ་རྗེའི་དབུས་སུ་རྣམ་བྱུང་སྟེ།། སྐྱེས་གནས་དབུས་སུ་ས་བོན་གནས།། ཆོས་དབྱིངས་ཁུ་བར་བྱས་ནས་ནི།། སྒོ་ནི་དགུ་པོ་ཐམས་ཅད་དུ།། དེ་ནི་རིམ་པས་འཕོ་བར་འགྱུར།། དེ་བཞིན་མེ་ནི་ཚངས་པའི
245b3 དངོས། ། ས་ཡིས་བོན་གཉིས་ཀྱིས་ནི།། མག་ལ་དེ་ཉིད་སྦྱར་བར་བྱ།། རླུང་གི་སྤང་བཔས་བོན་གྱི།། སེམས་ཀྱིས་སྣ་དང་རྣ་བ་སོགས།། བདུད་རྩི་ཆུ་ཡིས་བོན་ལྕེ།། དབང་པོར་གཙོ་བོ་དབང་ཕྱུག་ཉིད།། མགྲིན་པར་ག
245b4 མུག་ས་བོན་ཏེ། ། ལག་པར་ཉོན་མོངས་དེ་བཞིན་ནོ།། གཡོ་བ་སྙིང་གི་གནས་རྣམས་སུ།། ཕྱུགས་བདག་ལྟེ་བའི་རྩ་བར་ནི།། ཡན་ལག་བརྒྱད་ཀྱི་ས་བོན་གྱིས།། ཡན་ལག་བརྒྱད་ཀྱི་ཚོགས་འཛིན།། བརྟན་སོགས
245b5 གཡོ་བར་བཅས་པ་ཡི། ། འགྲོ་ཀུན་ཁྱབ་པར་བྱེད་པས་ཁྱབ།། ཚངས་སོགས་ལྷ་དང་ལྷ་མིན་རྣམས། དེ་ཡི་གདན་དུ་གྱུར་པ་ཡིན།། གང་ལ་གཙོ་བོ་སྤྱོད་གྱུར་པའི།། ཁྱིམ་ནི་བྷ་ག་ཞེས་སུ་གསུངས།། ཇི་སྲིད་ལུས་ལ
245b6 རྣམ་གནས་པ། ། དེ་ཡི་ལས་དང་ལས་མིན་འགྱུར།། དགེ་དང་མི་དགེ་གང་ཅུང་ཟད།། བྱས་པའི་ལས་ནི་ཐམས་ཅད་བྱེད།། རྣལ་འབྱོར་མཉམ་པོ་ཉིད་དུ་གསུངས།། རབ་ཏུ་སྦྱོར་བ་བསྒོམ་པ་ཡིན།། གང་ཚེ་ལས།
245b7 ཀྱེ་ལུས་བཅོམ་པ།། དེ་ལྟར་ལྷ་རུ་འགྱུར་བ་ཡིན།། གང་གིས་བརྟན་དང་གཡོ་ཁྱབ་པ།། དེས་ནི་དེ་ཚེ་རང་གིས་ནུས།། ནམ་མཁའ་ལྟ་བུར་མཉམ་ཉིད་ནི།། དེ་ཡི་ཁ་དོག་ཤེས་པར་བྱ།། མྱ་ངན་འདས་ནས
245b8 དཔའ་བོ་ནི། ། གོས་པ་མེད་ཅིང་དྲི་མ་སྤངས།། མ་དང་སྲིད་མོ་ཉིད་དང་ཡང་།། བུ་མོ་དེ་བཞིན་གཉེན་མོ་དང་།། བྲམ་ཟེ་མོ་དང་རྒྱལ་རིགས་དང་། རྗེའུ་མོ་དེ་བཞིན་དམངས་མོ་དང་།། གར་མ་ཚོས་མ་གཡུང་མ




iiif viewer powered by OpenSeadragon

245a - 246a

Texts on this page

Q26 - yang dag par sbyor ba zhes bya ba'i rgyud chen po