e-texts navigator
Collection
Volume
Page
Wylie

245a1 མེད་ལྟ་བུ་མེད། ། སྒྲ་མེད་ཐོས་པ་པོ་ཡང་མེད།། དྲི་མེད་སྣོམ་པ་པོ་ཡང་མེད།། རོ་མེད་མྱོང་བ་པོའང་མེད།། རེག་མེད་རེག་པ་པོ་ཡང་མེད།། སེམས་མེད་སེམས་ལས་བྱུང་བའང་མེད།། བཅོམ་ལྡན
245a2 འདས་ཀྱིས་བཀའ་སྩལ་པ། ། གཉིས་མེད་གཉིས་ནི་རྣམ་སྤངས་པའི།། དེ་ཉིད་ལམ་ནི་ཇི་བཞིན་ཉོན།། རྟོག་གེ་མེད་ཅིང་རྣམ་ཤེས་མེད།། དེ་བཞིན་རྟོག་གེ་བསམ་མི་རྟོགས།། སངས་རྒྱས་ཀུན་གྱི་གསང་བ་ནི།།
245a3 མཁའ་ལྟ་བུར་མཉམ་པ་ཉིད།། ཉན་ཐོས་རྣམས་ཀྱིས་མི་ཤེས་ཏེ།། མི་ཤེས་པའི་མུན་པས་བསྒྲིབས།། བག་ཆགས་སད་པའི་ཡེ་ཤེས་གང་།། རང་རྒྱལ་རྣམས་ཀྱི་སྤྲུལ་པའོ།། གསང་བ་སངས་རྒྱས་སྤྱོད་ཡུལ་ཉིད།།
245a4 དེ་རྣམས་ཀུན་གྱིས་མི་ཤེས་སོ།། འཁོར་བའི་རྒྱ་མཚོའི་འཇིགས་པ་ལས།། རྒལ་བར་འགྲོ་བའི་སེམས་ཀྱིས་ནི།། ལུས་ཀྱི་དབུས་སུ་བསྐོར་བ་ཡི།། རྒལ་བ་མཚན་པར་གསུངས་པ་སྟེ།། རྣམ་ཤེས་ཡེ་ཤེས
245a5 སེམས་ཀྱིས་ནི། ། མཚན་ཉིད་མཚན་གཞི་མཚོན་པར་བྱེད།། ཡེ་ཤེས་ཀྱིས་ནི་ཤེས་བྱ་བ་ལྟ།། ཤེས་བྱ་རྣམས་ཀྱི་འགྲོ་བ་བརྟག། འགྲོ་བ་བརྟག་པའི་སེམས་ཀྱིས་ནི།། ཇི་ལྟར་རང་འདོད་ལ་སོགས་འགྲོ།། འགྲོ་བར
245a6 སྔོན་ནི་སྐྱེ་བ་ནི། ། སྟོང་ཕྲག་དུ་མ་དག་ཏུ་འགྲོ།། ཡོ་གས་སྔར་གསུངས་མཚན་ཉིད་ཀྱི།། མཚན་ཉིད་སྟོང་པར་བསམས་ནས་ནི།། ལུས་ཀྱི་སྟོང་པའི་ཞིང་སོགས་ལ།། བློ་དང་ལྡན་པས་ས་བོན་གང་བ།། རྩ་ཡི་མཛེས།
245a7 སྤྱི་ལས་བྱུང་བ།། དེ་ནི་རྡུལ་བྲལ་རབ་ཏུ་གྲགས།། དག་པའི་ཤེལ་གྱི་འོད་དང་མཉམ།། བྱང་ཆུབ་སེམས་ནི་འོད་གསལ་བ།། ཡེ་ཤེས་ལྔ་ཡི་དངོས་དེ་ཉིད།། ཡུངས་དཀར་གྱིས་ནི་སྒྲོམ་པྲ་ཙམ།། དེ་ཡི་ནང་དུ་གནས
245a8 བའི་ལྷ། ། མི་གསལ་གསལ་བའི་རང་བཞིན་ཅན།། མ་མོ་བྱེད་པ་མཆོག་ཏུ་ཕྲ།། ཐིག་ལེའི་གཟུགས་ཀྱི་ཡིད་ཀྱི་དངོས།། སྙིང་གི་དབུས་སུ་རྟག་གནས་ཤིང་།། འོད་ཟེར་ལྡན་ཞིང་གཟི་བརྗིད་ཆེ།། བཅུ་གཉིས




iiif viewer powered by OpenSeadragon

244b - 245b

Texts on this page

Q26 - yang dag par sbyor ba zhes bya ba'i rgyud chen po