e-texts navigator
Collection
Volume
Page
Wylie

243b1 རྨི་ལམ་ལྟ་བུའི་ལུས་དང་ལོངས་སྤྱོད་དམ་པའི་བདེ་བ་གཉིས་སུ་མེད་པར་གྱུར་པ་དང་། ། འདིར་དེའི་སྟེང་དུ་མ་ནིང་གྱི་ས་བོན་བལྟ་སྟེ།། ས་བོན་དེ་ཡོངས་སུ་གྱུར་པ་ལས་དམར་མོ་ཞལ་སྟེང་དུ་ཕྱོགས་ཤིང
243b2 གྱེན་དུ་གཟིགས་པ། ། ཞབས་གཡོན་པ་ལ་འཁྲུད་པའི་ཐོད་པའི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བ་བཅིངས་པའི་ཕྱག་ཅན་མ།། མེ་ཏོག་གི་ཞག་པ་གཡོན་པའི་ཕྱག་ནའོ།། ཞབས་གཡས་པའི་རྐང་བ་ལ
243b3 རེག་པའི་གཡས་པ་ན་རྡོ་རྗེའི་ཕྱག་ཅན་མ། ། རྒྱན་ཐམས་ཅད་སྤངས་པ་མོ།། རིག་པ་འཛིན་མའི་རིག་པའི་སྦྱོར་བ་ཅན་མ།། སྤྲོ་ཞིང་ཀུན་དུ་སྡུད་པའི་ལུས་ཅན་མ།། མན་དཱ་ར་བ་དང་།། མྱ་ངན་མེད་པ་དང
243b4 ཡོངས་སུ་འདུ་རྣམས་སྐྱེས་པར་གྱུར་པ་རི་རིན་པོ་ཆེ་བརྩེགས་པའི་ཁང་པར་རབ་ཏུ་འཇུག་པར་བདག་ཉིད་བསྒོམ་པར་བྱའོ། ། ཨོཾ་བ་རྡོ་རྗེ་ཕག་མོའོ།། ཧཾ་ཡོ་སྔོན་མོ་གཤིན་རྗེ་མའོ།། ཧྲི་མརྨོ་ངས་བྱེད་མའོ།།
243b5 ཐི་ཀུན་དུ་བསྐྱོད་མའོ།། ཧཱུཾ་ཧཱུཾ་ཀུན་དུ་སྐྲག་མའོ།། པཊ་པཊ་གཏུམ་མོ་ཡན་ལག་ཐམས་ཅད་ལ་མཚན་མའོ།། ལྟེ་བ་དང་། སྙིང་ཁ་དང་། དེ་བཞིན་དུ་ཁ་དང་། མགོ་བོ་དང་། སྤྱི་བོ་སྟེ་འདི་མཚོར་བྱའོ།། རྣལ
243b6 འབྱོར་མ་ལྔ་པོ་འདི་རྣམས་རྡོ་རྗེ་སེམས་དཔའ་བཤད་དོ། ། རྡོ་རྗེ་མཁའ་འགྲོ་མའི་གོ་ཆ་བགོས་ལ་རང་བཞིན་བསྐྱེད་པའི་གཏོར་མ་སྦྱིན་པར་བྱའོ།། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀ་ཊ་ཌྷ་ཡ་ཨཱཾ་ཀ་ཊ་ཌྷ་ཡ།
243b7 པྲ་བེ་ཤཱ་ཡ་པྲ་བེ་ཤཱ་ཡ། ཏོ་ཨུ྅ཡ། ཏོ་ཥཱ་ཡ། སརྦ་ཌཱ་ཀི་ནི་ནཱཾ་ཧྲི་དཱ་ཡ་ཧཱུཾ་ཕཊ།། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་པྲ་ཏཱི་ཙྪེ་མ~ཾ་བ་ལི་ཧཱུཾ་ཨོ།། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་པྲ་ཏཱི་ཙྪེ་མཾ་བ་ལ་ཧཱུཾ་ཧཱུཾ། ཨོཾ་རད་ན་ཌཱ་གི་ནཱི་པྲ་ཏཱིཙྪ་མ་བ།
243b8 ལི་ཧཱུ་ཏྲི།། ཨོཾ་པད་མ་ཌཱ་ཀི་ནི་པྲ་ཏཱིཙྪ་མཾ་བ་ལི་ཧཱ་ཧྲཱི། ཨོཾ་བི་ཤྭ་ཌཱ་ཀི་ནི་པྲ་ཏཱིཙྪ་མ་བ་ལི་ཧྲཱི་ཨཱཿ། ཨོཾ་སརྦ་ཡོ་གི་ནི་པྲ་ཏཱིཙྪ་བ་ལི་ཧཱུཾ་ཧཱུཾ།། ཧ་ཧ་ཧི་ཧི་བཛྲ་ཛཿཧཱུཾ་བ་ཧེ.ོཾ་བཛྲ་ཡོ་གི་ནི་ས་མ་ཡ་སྟཱ་ཛཤྩ




iiif viewer powered by OpenSeadragon

243a - 244a

Texts on this page

Q25 - rig pa 'dzin pa rdo rje rnal 'byor ma'i sgrub thabs zhes bya ba