| | e-texts navigator
|
242a1 དངོས་པོ་མེད་པར་བསྒོམ་པའི་དངོས།། དེ་ལ་བསྒོམ་པར་བརྗོད་པ་མེན།། ཕྲེང་བ་མེད་ཅིང་བྱ་བ་མེད།། སྤང་བ་མེད་པར་བརྗོད་པ་སྟེ།། རྣལ་འབྱོར་འདི་ལ་གནས་པ་ནི།། དབུ་མའི་མཆོག་གི་གོ་འཕང་ངོ་།། བླ།
242a2 ནམེད་པའི་ཡེ་ཤེས་ནི།། བླ་མེད་ཞེས་ན་རིམ་མེན།། འདིས་ནི་འཁོར་བ་རྣམ་པར་གྲོལ།། ཕྱིར་མི་ལྡོག་པའི་ག་བང་མཆོག། རྡོ་རྗེ་སེམས་དཔའ་ནས་སུ་གསུངས།། དེ་ཡིས་རྡོ་རྗེསེམས་དཔའ་འགྲུག།། སྐྱེ་བ་འདིལ་གྲཝ
242a3 པསྟེ། ། རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར།། ཁྲག་དང་ཁུ་བ་བཟའ་བ་སྟེ།། དྲི་ཆེན་དྲོ་ཚྭ་ཤ་དང་ལྔ།། དེ་ཡི་ཚེ་ནི་རྒྱས་པར་འགྲོ།། རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར།། དྷཱ་གརྦྷཱ་ག་དེ་བ་ཧཱུ~ཾ་བི་ཧ་བི་ཧ་ཕུ་པ་རི་ཎ་ས་པ།
242a4 ཧཱུཾ་བི་ཧ་ར་ག་བྷ་ཛྲེ་ཏ།། བ་ཧཱུཾ་བི་ཧ་བྲི་དྷག་ཏིཿཙི་དྷ་ཛི་བསད་ཀྱང་ཤེ། ཥ་ན་ཤ་ཥ་སད་ཏྲ་བི་ན་ཡེ་བ་ཏ་གྲེ་ས་མཱ་རུ་ས་བི་ཤུ་ཧ་ཧ་ཧ་ཧོ།། ཨ་ཧོ་ས་ཙ་བེ་སྟི་དྷྱ་མ་དྷུ་ཨ་ཧོ།། ཨུ་ཀ་ཏེ་སུབ་དུ་མ་ལལ་ལ་ལ་ཧོ།། གླུ་འདི་དག་ནི་མདྲ།
242a5 པ་སྟེ།། བརྟག་པ་ཀུན་གྱི་བླ་ན་མེད།། དེ་ཡི་ཚེན་རྒྱས་པར་འགྲོ།། རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར།། རྣལ་འབྱོར་མ་བཞི་ཡི་ཁ་སྦྱོར་ལས་དེ་ཁོ་ན་ཉིད་གཏན་ལ་དབབ་བཞེས་བྱ་བ་སྟེ་བརྟག་པ་དྲུགཔའོ།། །། དེ་ནས
242a6 ཡང་དག་བཤད་བྱ་བ། ། དེ་ཉིད་རྣལ་འབྱོར་ཐམས་ཅད་ནི།། སྦྱིན་དང་ཚུལ་ཁྲིམས་དེ་བཞིན་བརྩོན།། བསམ་གཏན་བཟོད་པ་ཤེས་རབ་དང་།། སྟོབས་དང་དེ་བཞིན་ཐབས་དང་ན།། སྨོན་ལམ་ཡེ་ཤེས་ཡང་དག་འབྱུང་།།
242a7 ཕ་རོལ་ཕྱིན་པ་བཅུ་རྫོགས་པ།། བྱང་ཆུབ་སེམས་དཔའ་སྡོམ་པ་ཡི།། སྦྱིན་པ་རྣམ་པ་བཞི་རུ་གསུངས།། ཚུལ་ཁྲིམས་གསུམ་གྱི་ངོ་བོ་ཉིད།། བསམ་གཏན་རྣམ་བཞིར་གསུངས་པ་སྟེ།། བརྩོན་འགྲུས་རྣམ
242a8 ལྔ་རུ་འགྱུར། ། བཟོད་པ་རྣམ་པ་བཅུར་ཤེས་བྱ།། ཤེས་རབ་རྣམ་པ་དྲུག་དུ་འགྱུར།། སྟོབས་ནི་རྣམ་བཅུ་རབ་ཏུ་གསུངས།། ཐབས་ནི་རྣམ་པ་ལྔར་འགྱུར་ཏེ།། སྨོན་ལམ་གཉིས་སུ་ཤེས་བྱ་སྟེ།། ཡེ་ཤེས
iiif viewer powered by OpenSeadragon
241b - 242b