e-texts navigator
Collection
Volume
Page
Wylie

241b1 ནའབྲང་བ་པར། ། བ་ཅན་དེ་ནི་འབར་བསྟེ།། དམ་ཀྱིམ་མཛང་བན།། དེ་ལས་དེ་ན་གཟུགས་མཟང་ཡིན།། དངས་པ་ཐམས་ཅད་གཟུགས་འཛིན་པ།། ཟླ་ཐོ་གནས་སུ་གསས་ཤང་བད།། ནཱ་ལ་གང་རནམའ།
241b2 རྡོ་རྗེ་ཅན་ན་རྟག་ཏུ་འབྱུང་།། རྡོ་རྗེ་འདིན་ཆེན་གཟུགས་བཞིན་ནོ།། རླུང་གིས་ནུས་པ་ས་ཡིན་ཏེ།། དེ་ཡི་དབུས་སུ་རབ་ཏུ་གྲགས།། གང་ཞིག་རི་འོད་ཅན་གཟུགས་གསུངས།། ཤེས་རབ་དེ་ཉིད་མདོར་བསྡུས་སོ།།
241b3 ལྟར་ཉི་མར་རབ་ཏུ་བརྗོད།། རྡོ་རྗེ་འཛིན་དང་བཅས་པར་འགྱུར།། སྡེ་ཚན་བརྒྱད་ཀྱི་ཐ་མ་གཟུགས།། ཐིག་ལེ་དང་ནི་ཞབས་ཀྱིས་བཅས།། དེ་ཉིད་ཉིམ་ཞེས་སུ་གསུངས།། འོད་ཟེར་འབར་བའི་ཕྲེང་བ་ཅན།། དེ་ཡ
241b4 སུ་ཡང་དག་འབྱུང་། ། རྡོ་རྗེ་ཅན་གནས་མཉམ་པར་འགྱུར།། ཇི་ལྟར་གཉིད་ཀྱིས་བཟུང་བ་ན།། ཅུང་ཟད་ཀྱང་ནི་མཐོང་བ་མེད།། གཟུགས་ལ་སོགས་པའི་གཟུང་བ་དག། ལངས་ན་རྟག་ཏུ་མཐོང་བ་ཡིན།། དེ
241b5 ཐབས་ནི་བསྒོམ་པ་ཡིན། ། དེ་ཡི་རང་བཞིན་མཆོག་དུ་གྲགས།། སེམས་ཅན་ཐོགས་མེད་བདེ་ཆེན་བརྗོད།། དེ་རུ་དེར་གནས་དངོས་པོ་ཡིས།། ཤེས་རབ་ཕ་རོལ་ཕྱིན་པ་གསལ།། དེ་ཕྱིར་དེ་ཉིད་དངོས་པོ་ཡིས།། བློ་ལྡན
241b6 སེམས་ཀྱི་དེ་ཉིད་གསུང་། ། སེམས་ནི་རྣམ་པར་དག་པ་སྟེ།། འཁོར་བའི་རྒྱ་མཚོར་འཁྱམ་པར་འགྱུར།། སྔགས་པ་གར་འདོད་འགྲོ་བ་ཡིན།། སྐད་ཅིག་གིས་ནི་གནས་པར་འགྲོ།། འདོད་ཆེན་རྣམས་ནི་ཆགས་པར
241b7 འགྱུར། དྲག་པོ་རྣམས་ལ་དྲག་པོ་མཚོན། ཞི་བ་རྣམས་ལ་ཞི་བ་སྟེ།། འདི་ནི་འདུན་རྒྱབ་རྒྱལ་བ་རིམ།། ཇི་ལྟར་འདི་རུ་པད་མ་རིམ།། འདོད་ཆགས་སྐྱོན་གྱིས་གོས་མི་འགྱུར།། སྣ་ཚོགས་བག་ཆག་སྐྱོན་མ་ཆགས།། ཁམས་གཙོ
241b8 པོ་ནི་དེ་བཞིན་དག། སྟོང་པ་མ་ཡིན་མ་སྟོང་མིན།། དབུ་མ་ཉེ་བར་ཐོབ་པའོ།། ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར།། ཐབས་ནི་སྙིང་རྗེའི་བདག་ཉིད་དོ།། འདི་ནི་བྱང་ཆུབ་སེམས་རྡོ་རྗེ།། སེམས་དང་སེམས་བྱུང་རང་བཞིན་གྱིས།།




iiif viewer powered by OpenSeadragon

241a - 242a

Texts on this page

Q24 - rnal 'byor ma bzhi'i kha sbyor gyi rgyud ces bya ba