e-texts navigator
Collection
Volume
Page
Wylie

240b1 ནལ་འབྱོར་མ་པ་ཞི་ལ་ལསྦྱོར་ལས་དེ་འོན་ཉིད་མན་ངག་སྦྱོར་བ་བཞིའི་ཆ་ཞེས་བྱ་བ་སྟེ་བརྟག་པ་བཞི་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། སྦྱིན་བསྲེག་ལས་ནི་རབ་ཏུ་བསྒྲུག།། སྨྱན་བསྲེག་རྣམ་པ
240b2 སུ་གསུངས། ། ཕྱི་དང་ནང་དུ་ཡང་དག་གནས།། ཕྱི་རུ་ཇི་ལྟར་གསུངས་པ་ལགས།། ནང་དུ་ཡང་ནི་ཅོ་ལྟར་འགྱུར།། ཉོན་ཅིག་རྡོ་རྗེ་ནང་གི་ནི།། ཇི་བཞིན་སྦྱིན་བསྲེག་རབ་བསྒྲུབ་བྱ།། མེ་ཆེན་པོ་དག་རབ་ཏུ་སྦར།།
240b3 རྣམ་རྟོག་མེད་པའི་སྦྱིན་བསྲེག་བྱ།། བཟའ་དང་བཏུང་བ་གང་ཡང་རུང་།། དེ་རུ་ཐམས་ཅད་སྦྱིན་བསྲེག་བྱ།། བསྲེག་རྫས་རང་བཞིན་གསུངས་པ་དག། གཟུགས་ཕུང་ལ་སོགས་ལྔ་པོ་དག། རྣམ་རྟོག་མེད་པའི་སྦྱིན་བསྲེག་བྱ།
240b4 དེ་དག་ཐམས་ཅད་སེམས་ལས་བྱུང་།། ཁྲག་དང་ཁུ་བ་དེ་བཞིན་ཤ། དྲི་ཆེན་དྲི་ཆུ་ལྔ་པོ་དག། རྣམ་རྟོག་མེད་པར་བཟའ་བར་བྱ།། བློ་ལྡན་རང་བཞིན་མེད་པས་སོ།། གཏི་མུག་ང་རྒྱལ་དེ་བཞིན་ཆགས།། ཞོ་སྡང་དེ་བཞིན
240b5 འདོད་ཆགས་ཉིད། ། ཕྲག་དོག་སེར་སྣ་ཕྲ་མ་དག། དམ་ཚིག་དེ་ཉིད་དྲི་མ་མེད།། ཇི་ལྟར་ཉི་མ་འབར་བ་བཞིན།། དེ་ལྟར་དྲི་མ་མེད་པར་འགྱུར།། ཇི་ལྟར་སྟོན་གྱི་ཟླ་གསལ་བ།། དེ་ལྟར་འདི་ཡི་དབུས་གསལ་ཡིན།། འདོད།།
240b6 རགས་ཆེན་པོར་འགྱུར་བ་ཡིན།། རྡོ་རྗེ་སྣང་བྱེད་སྒྲོན་མ་པའི།། དེ་ཉིད་ཐར་བར་གསུངས་པ་སྟེ།། བླ་མེད་གོ་འཕངས་ཐོབ་པར་འགྱུར།། སྦྱིན་བསྲེག་འདི་ལ་རབ་གནས་ན།། ལྷ་རྣམས་དགའ་བས་རིམ་པ་ཡིན།། སྦྱིན
240b7 བསྲེག་ལས་ནི་རབ་གསུངས་ནས། ། རབ་གནས་ངག་ནི་བརྗོད་པར་བྱ།། སྔོན་གྱི་རྣལ་འབྱོར་ལ་གནས་ནས།། དེ་ནས་རབ་གནས་བྱ་བ་སྟེ།། རབ་གནས་སྐུ་སོགས་ཐང་ཀ་དང་།། རྣལ་འབྱོར་ཅན་གྱིས་བྲེགས་པམ་སྟེ།། དཔལ
240b8 ལྡན་གཡོན་གྱི་དྲིལ་བུ་འཛིན། ། གཡས་ཀྱིས་རྡོ་རྗེ་ཡོངས་སུ་གཟུང་།། དེན་ཀུན་རྣལ་འབྱོར་ཀུན་གྱིས་ནི།། མཛེས་པར་སྐུ་གཟུགས་མཆོད་པར་བྱ།། ཤི་དང་ཆང་དག་རབ་ཏུ་བཀང་།། རོ་ཡི་སྟེང་དུ་ཡང་དག་གནས།




iiif viewer powered by OpenSeadragon

240a - 241a

Texts on this page

Q24 - rnal 'byor ma bzhi'i kha sbyor gyi rgyud ces bya ba