| | e-texts navigator
|
240a1 འཛིན་པ་ཉིད། ། རིགས་འདི་རྣམས་སུ་བསྒྱུར་བའོ།། དེ་ཉིད་དཀྱིལ་འཁོར་བྲི་བ་ཉིད།། རྡུལ་མཚོན་ཁ་དོག་ལྔ་པའོ།། དེ་ཉིད་སྔགས་སུ་རབ་ཏུ་བྱ།། ཧཱུཾ་ཧཱུ~ཾ་ཕཊ་ཀྱི་ཡི་གེ་ཉིད།། དམྱལ་བདུད་འགྲོ་ཡི་དགས།
240a2 དང་།། ལྷ་དང་མི་དང་ལྷ་མིན་དང་།། དརྨོད་པའི་སེམས་སུ་གྱུར་པ་ཡོས།། འཁོར་བ་འདི་རུ་འཁོར་པར་འགྱུར།། རྣལ་འབྱོར་ཆེན་པོ་མདོར་བསྡུས་པ།། རྡོ་རྗེ་ཅན་ལ་གནས་པའོ།། ལྷ་མོ་ཆེན་མོ་སླར་ཡང་དྲི།། འགྲོ་དང་འོང་བརྗེ
240a3 ལྟར་འགྱུར། ། གནས་ནས་འདི་ཡི་སེམས་དག་ནི། ལྟེ་བ་ཇི་ལྟར་བརྗོད་པ་ཡིན།། ཁུབ་ཇི་ལྟར་གཟུགས་སུ་འགྱུར།། སྐྱེ་བོའི་སྐྱེ་བ་ཇི་ལྟར་ཡིན།། དེ་ཡི་གཟུགས་ཀྱི་སྐྱེ་མ་ལ་ནི།། ཁྲག་ལས་ཇི་ལྟར་འབྱུང་བ་ལགས།། འབྱུང
240a4 བ་རྣམས་ཀྱི་འབྱུང་བ་ཅི། ། དེ་ཡི་སྐྱེ་བ་ཇི་ལྟར་ལགས།། ས་དང་ཆུ་དང་དེ་བཞིན་མེ།། རླུང་དང་ནམ་མཁའ་ཉིད་དང་ནི།། སྐྱེ་གནས་ཀུན་ལ་ཆགས་པ་ནི།། དངོས་པོ་རྣམ་པ་ཇི་ལྟར་ཁྱབ།། ཞི་བའི་གཟུགས་ནི་ཇི་ལྟར་ཡིན།།
240a5 ཐམས་ཅད་དུ་ནི་ཇི་ལྟར་སྐྱེ།། འདི་རྣམས་ཡང་དག་བཤད་པ་ནི།། ལྷ་མོ་བདེན་པར་བདག་ལ་གསུངས།། ཇི་ལྟར་དེ་བཞིན་རྡོ་རྗེ་ཉོན།། སེམས་ཅན་ཀུན་གྱི་བསྐྱེད་པ་དག། འཁོར་བར་ཡང་དག་བསྲུབས་པ་ལས།། དང
240a6 འདི་ཐབས་ཀྱིས་འདི་འགྱུར་རོ། ། ཐོག་མ་ཐ་མ་མེད་དུས་སུ།། སེམས་ཅན་ཐམས་ཅད་ཡང་དག་འབྱུང་།། རྒྱ་མཚོ་འཁྲུགས་སགས་གཏིང་གི་བར།། བློ་གྲོས་ཆེན་པོ་བསྲུབས་པ་ཡིན།། དེ་ལས་དེ་དག་སྐྱེ་བར་འགྱུར།
240a7 ས་ཡི་ཁམས་དང་ཡང་དག་ལྡན།། མེ་ཡིས་མཉམ་པར་ངེས་པར་བསྲུབས།། ཆུ་དང་རླུང་གི་བྱེ་བྲག་གོ།། ཡིད་ཀྱིས་དེ་རུ་རབ་ཞེན་པ།། མངལ་ནི་གཟུང་ཞིང་བླངས་པ་སྟེ། དོ་ནི་འཁོར་བར་འཁོར་བར་འགྱུར།། དག་པ་མྱ་ངན་ལྡན་པ་སྟེ།
240a8 དེ་ལས་འབྱུང་བར་འགྱུར་བ་ནི།། སོ་སོར་སྐྱེ་བ་སྨྲ་བ་སྟེ།། དེ་བཞིན་ཚེས་དག་ཟབ་མོ་ཉིད།། སངས་རྒྱས་རྣམས་ཀྱིས་སངས་རྒྱས་བརྗོད།། དེ་ཉིད་འདི་རྣམས་མཉམ་བཤད་པ།། སུམ་ཅུ་པ་སྟེ་རྙེད་པར་དཀལ།
iiif viewer powered by OpenSeadragon
239b - 240b