| | e-texts navigator
|
235b1 ཕ་རོལ་སྟོབས་ཀྱིས་གནན་ན་ནི།། རྣལ་འབྱོར་དབང་ཕྱུག་གིས་ནི་མཆོད།། ཚངས་པ་ལ་སོགས་ལྷ་རྣམས་ཀྱིས།། དམ་ཚིག་སྒྲ་ཡིས་བཤད་པ་སྟེ།། སྲོག་དང་བརྩོལ་བ་ཀུན་དུ་བྱ།། དེ་ཡིས་འདི་ནི་དམ་ཚིག་སྡོམ།། དེ་ལ
235b2 ཁ་སྦྱོར་རྣམ་པ་བཤད། ། ཞལ་བཞི་རུ་ནི་རབ་ཏུ་གནས།། རྣལ་འབྱོར་མ་བཞི་སྡེ་ཞེས་བྱ།། སྦྱོར་བ་བཞི་དང་ཡང་དག་ལྡན།། གང་གང་དབང་པོའི་ལམ་ནས་བྱུང་།། དེ་དང་དེ་ཡི་རང་བཞིན་ཉིད།། འདོད་པ་ཀུན་ལས་ལོངས
235b3 སྤྱོད་པ། ། སངས་རྒྱས་ཀུན་གྱི་རང་བཞིན་འགྱུར།། གཟུགས་ནི་ཇི་ལྟར་རྫོགས་པ་ལས།། དེ་ལ་བསྒོམ་པ་ཅི་ལྟ་བུ།། སྔགས་རྣམས་ཇི་ལྟར་བསྐྱེད་པར་བགྱི།། རྫོགས་པར་ཡང་ནི་ཅི་ལྟར་འགྱུར།། དེ་དག་ཐམས
235b4 ཅད་ཐ་སྙད་ཙམ། ། སྔགས་དང་རྒྱུད་རྣམས་ཡང་དག་འབྱུང་།། བྱང་ཆུབ་སེམས་ནི་འདི་རུ་སྔགས།། འདོད་པ་ལྔ་དང་ཡང་དག་ལྡན།། མཚོན་ཆ་མཚན་ཉིད་ཀྱིས་ནི་མཚོན།། མཚན་བྱ་དུ་མ་འང་མཚོན་མི་བྱ།།
235b5 སྔགས་རྣམས་རྒྱས་པར་བཤད་ནས་ནི།། ལྷ་རྣམས་ཀྱི་ནི་བསྒོམ་པ་ཉོན།། སྟེང་གི་སྒོ་ནི་གསུམ་ཡིན་ཏེ།། ལྟེ་བར་རླུང་གི་གཟུགས་ཅན་མ།། དེ་ལ་དབུས་སུ་རྟག་ཏུ་སྟོང་།། དག་པ་ཡི་ནི་ཤེལ་ལྟ་བུར།། ལོདྲ
235b6 སྤྱོད་ཆེན་པོ་ངེས་པར་འབྱུང་། ། དགུ་པ་བཅུ་ཡིས་ལྡན་པ་སྟེ།། ཆ་བརྒྱ་དེ་ཡི་ཡན་ལག་གིས།། སྒོ་དགུའི་ས་བོན་ཡིན་པ་སྟེ།། ལུས་ལ་ལྷ་མོ་རྗེས་སུ་བརྗོད།། ཡེ་ཤེས་མཁའ་འགྲོ་བདག་ཉིད་ཀྱིས།། སྟེང
235b7 གི་ཆར་རི་ཤེས་རབ་སྟེ། ། རྡོ་རྗེ་འཛིན་དང་བཅས་པར་འབྱུང་།། སེམས་ཀྱི་རྡོ་རྗེ་ཞེས་ནི་བཤད།། འདིར་ནི་སྟེང་གི་པད་མར་བཤད།། དེ་ལ་གནས་ནི་བྷ་གར་བཤད།། ཤེས་རབ་དེ་ཉིད་རྡོར་ཅ་བཅས།། རྟེན་དང
235b8 བརྟེན་པར་འབྱུང་བ་ཡིས། ། རྩ་རྣམས་ཀུན་ལ་རྣམ་པར་གནས།། ཁུ་བའི་གཟུགས་སུ་གྱུར་པ་ཡིས།། སྤྲོ་དང་སྡུད་པར་བྱེད་པས་སོ།། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས།། བསྒོམ་པའི་རིམ་པ་ཕྱེད
iiif viewer powered by OpenSeadragon
235a - 236a