e-texts navigator
Collection
Volume
Page
Wylie

15b1 མགོན་མེད་རྣམས་དང་ནི། ། རྣམ་གྲོལ་འབྲས་བུ་འཚལ་བ་ཡི།། རྣམ་དག་ལེགས་པའི་ལམ་འདི་ན།། སྣ་འཕྲུལ་དྲ་བའི་ཚུལ་བསྟན་པ།། ཟབ་ཅིང་ཡངས་ལ་རྒྱ་བ།། དོན་ཆེན་འགྲོ་བའི་དོན
15b2 བྱེད་པ། ། སངས་རྒྱས་རྣམས་ཀྱི་ཡུལ་འདི་ན།། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད།། ཉེ་བར་བསྒྲུབ།། རྣལ་འབྱོར་ཆེན་པོའི་རྒྱུང་སྟུ་ཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ།
15b3 ཏིང་ངེ་འཛིན་དྲ་བའི་ལེའུ་ལས་ཕྱུང་བ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ
15b4 པས་གསུངས་པ་རྫོགས་སོ། ། ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་པའི་བདག་ཉིད་ཆེན་པོ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀ་འདྲིན་གྱིས
15b5 ཉེ་བར་བསྐྱངས་པ། སྒྲ་སྦུར་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས། བསམ་གཏན་གླིང་གི་དབེན་གནས་སུ་ལེགས་པར་བསྒྱུར་ཅིང་དག་པར་བྱས་པའོ།། སྔོན་གྱི་སྒྲ་བསྒྱུར་ཆེན་པོ་དེ་དག་གིས།
15b6 རྒྱུད་འདི་བསྒྱུར་ཅིང་ཀུན་ལ་གྲགས་ལགས་མོད།། འོན་ཀྱང་སྒྲ་དོན་གཙུག་ལག་ཇི་བཞིན་དུ།། རྒུད་འདི་ཐོབརྟན་གཉིས་བས་ལེགས་པར་བསྐུར།། ཟབ་ཅིང་རྒྱ་ཚེ་རྡོ་རྗེ་ཐེག་པ་ཡི།། ངེས་དོན
15b7 ཡེ་ཤེས་དོན་གཉེར་སྐྱེས་བུ་དག། ཆོས་དང་དོན་ལ་ལེགས་པར་མ་བརྟེན་པར།། གང་ཟག་ཚིག་འབྲུའི་རྗེས་སུམ་འབྲང་ཞིག།། དགེ་འོ་ལེགས་སོ།།
15b8 xxxxxxxxxx། xxxxxxxxxx




iiif viewer powered by OpenSeadragon

15a - 16a

Texts on this page

Q2 - 'jam dpal ye shes sems dpa'i don dam pa'i mtshan yang dag par brjod pa