| | e-texts navigator
|
157a1 སོགས་ལས་མིན། ། བྲམ་ཟེ་གང་ཞིག་ཆང་འཐུང་འགྱུར་དང་གཅེར་བུ་པའམ་རལ་པ་ཅན་ནམ་དབྱུ་གུ་ཅན།། དགེ་ཚུལ་དང་ནི་ཚོགས་དཔོན་དགེ་སློང་དགེ་བ་རྣམ་པར་བྲལ་བ་གྲུབ་མཐའི་སྤྱོད་པ
157a2 མཉམ། ། སུམ་བཅུའི་དམ་ཚིག་ཅན་གྱི་མི་ཡི་དབང་པོས་དེ་རྣམས་ཡུལ་དུ་བསྐྲད་པར་བྱ།། གང་ཕྱིར་དེ་དག་རྣམས་ཀྱིས་ངགེ་དང་མི་དགེའི་ལས་བྱས་དྲུག་བཅུའི་ཆ་ཤས་རྒྱལ་པོ་ཡིན།། ཡུགས་ས་མོ་རྣམས་གང
157a3 ཞིག་འཁྲིག་པ་སྤྱད་ནས་ངན་པ་དམྱལ་བའི་འབྲས་སྟེར་མེ་ལ་བཙོ་བར་བྱེད། ། གང་དུ་ཡུལ་ན་བདུད་རིས་དེ་མེད་མི་གདུག་དཔུང་བཅས་དེར་ནི་ནམ་ཡང་གྲུབ་མ་ཡིན།། རྒྱལ་པོ་ས་ཡི་སྟེང་དུ་རྒྱལ་སྲིད་དང་ནི་དགྲ་དག་འཇོམས་དང་ནོར་དེད
157a4 བསོད་ནམས་ཀྱིས། ། སྐལ་པ་བཟང་དང་ཚེ་དང་གྲགས་པ་དཔལ་ལྡན་ལྷ་ཡུལ་ས་སྟེང་གྲུབ་པའི་རིག་པ་འཛིན།། ས་སྟེངས་མ་ལུས་མི་ཡི་རྒྱལ་པོ་སྦྱིན་ལས་བྱུང་བ་ཚུལ་ཁྲིམས་དང་བཅས་ལྷ་རྒྱལ་པོ།། བཟོད་པས་ཚུལ་ཁྲིམས
157a5 སྐྱོང་ལ་ཉིན་དང་མཚན་དུ་རྩོད་པ་ལས་ནི་སྦྱིན་པ་འཕེལ་བར་འགྱུར། ། སྐྱེས་བུ་བསམ་གཏན་ལ་གནས་མཆོག་ཏུ་རང་བཞིན་རྣམ་པར་བྲལ་བ་ཤེས་རབ་ཀྱིས་ཐབས་འཕེལ།། ཤེས་རབ་ཐབས་ཀྱི་མཐུ་ལས་སྨོན་ལམ་དང་ཡང
157a6 སྟོབས་དང་སྟོང་ཉིད་ཡེ་ཤེས་རྡོ་རྗེའོ། ། ཆོས་ཀྱི་དབྱིངས་སུ་གཤེགས་པའི་སངས་རྒྱས་རྣམས་དང་གལ་ཏེ་འཁོར་བར་བྱོན་པ་མ་ཡིན་ན།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡུལ་དང་ཡུལ་ཅན་ལྷན་ཅིག་ནམ་མཁའི
157a7 ཁམས་རྣམས་སུ། ། དེ་ནི་བརྫུན་གྱི་ཚིག་ལ་དེ་བཞིན་བཅོམ་ལྡན་རྡོ་རྗེ་བཙུན་མོ་བྷ་གར་བཞུགས་ཞེས་པ།། འདོད་ཆགས་ལས་སོགས་སྐྱོན་སྤངས་དྲི་མ་གསུམ་དང་རྣམ་བྲལ་རྡོ་རྗེ་སེམས་དཔའ་ལས་གཞན་མིན།། ཚངས་པ་ལས
157a8 སོགས་ལྷ་རྣམས་ས་སྟེངས་དམྱལ་བའི་དམྱལ་བ་ས་འདིར་ཞི་བ་ལས་སོགས་ཀྱི། ། སངས་རྒྱས་རྣམས་ཀྱིས་མ་ལུས་ཚེ་ཡི་ཚད་རྣམས་རང་རང་གྲུབ་མཐའི་ཆོས་སུ་གསལ་བར་བྱས།། ཚངས་པ་ལས་སོགས་བསོད་ནམས་ལོངས
iiif viewer powered by OpenSeadragon
156b - 157b