e-texts navigator
Collection
Volume
Page
Wylie

156b1 མཚམས་གཏོགས་པར་ཕུར་བུས་གདབ། ། སློབ་དཔོན་གྱིས་ནི་བསྲུང་བ་ལྔ་ཡི་ཆོ་གས་རྒྱལ་པོ་འཁོར་དང་བཅས་པ་བསྲུང་བར་བྱ།། གང་དང་གང་གིས་ཡུལ་མཐའི་བར་གྱི་སྐྱེ་དགུ་ཉིན་དང་མཚན་དུ་ཞི་དང་རྒྱས
156b2 འགྱུར་བ། ། ཐོག་མར་དབུས་སུ་བསྒྲུབ་བྱའི་མིང་དག་རང་བཞིན་ཡོན་ཏན་དབང་ལས་པད་མ་ལྔ་ཡིས་བསྐོར།། གང་ཞིག་རང་བཞིན་ཡོན་ཏན་དབང་ལས་ས་དག་ཁ་སྦྱར་ཟུར་བརྒྱད་དེ་བཞིན་ཕྱི་རོལ་དུ།། གང་ཞིག་ཟུང་རྣམས
156b3 དར་དབྱིངས་བཅིང་བ་ཕྱོགས་དང་ཕྱོགས་མཚམས་དེ་ལས་རྡོ་རྗེ་ཕྲེང་བར་འགྱུར། ། རྒྱལ་ཆེན་ཕྱོགས་ཀྱི་ཟུར་ལ་མ་ལུས་ཡོན་ཏན་རང་བཞིན་རི་ཡི་རྒྱལ་པོ་ཕྱོགས་དང་མཚམས་རྣམས་སུ།། དེ་ནང་ཟླུམ་པའི་སྣམ་བུ
156b4 ཕྱོགས་དང་མཚམས་སུ་དེ་ལ་སྣོད་དང་རྩེ་མོའི་ཕྱེད་དུ་འགྱུར། ། པད་མའི་གེ་སར་ཆ་ལ་འདིར་ནི་དགྲ་སྟ་ལྕགས་ཀྱུ་ཞགས་པ་དང་ནི་དུང་ཉིད་དོ།། ཆུ་སྐྱེས་འདབ་མར་བསྲུང་འཁོར་གང་ཞིག་སྙིང་པོ་ཡང་ནི་དེ་བཞིན་གཉིས་པ
156b5 གསུམ་པར་དེ། ། དེ་ལྟར་པད་མ་གཉིས་ལ་གྱུར་ཏེ་ཉེ་བའི་སྙིང་པོ་ཆུ་སྐྱེས་འདབ་མ་ཆེན་པོར་རྣམ་གཉིས་དེར།། ཀླུ་རྣམས་ཟུང་གི་བར་དུ་ཕྱོགས་དང་མཚམས་ཀྱི་འདབ་མར་བར་དུ་དེ་བཞིན་ལྷ་དང་ལྷ་མིན་དང་།། གནོད་སྲིན
156b6 རྣམས་དང་གཟའ་དང་མ་ལུས་འཇིགས་པའི་མ་མོ་རྡོ་རྗེ་མཁའ་འགྲོ་རྣམས། ། བསྲུང་འཁོར་འདིས་ནི་ཐམས་ཅད་བསྲུང་བར་འགྱུར་ཏེ་ཁྲག་དང་འགི་ཝང་ལས་སོགས་རྣམས་ཀྱིས་བྲི།། རྫོགས་སངས་རྒྱས་དང
156b7 མ་ལུས་རྒྱལ་སྲས་རྣམས་ཀྱི་བསྲུང་བ་ལྔ་སོགས་བསྲུང་འཁོར་གསུང་པ་ཡིན། ། བུད་མེད་བུ་འདོད་པ་དང་རྒྱལ་པོ་དགྲ་དང་གཡུལ་འགྱེང་རྒྱལ་བར་འགྱུར།། ནད་པ་ནད་ལས་གྲོལ་བར་འགྱུར་ཏེ་ས་ཡི་སྟེང་དུ་དབུལ་པོ
156b8 རྣམས་ཀྱིས་ནོར་རྙེད་འགྱུར། ། སྐྱེས་པ་བུད་མེད་རྣམས་ཀྱིས་འབྲས་བུ་སྟེར་འགྱུར་སྔོན་གྱི་བསོད་ནམས་མཐུས།། བསོད་ནམས་སེམས་ཅན་རྣམས་ལ་ཕན་བཏགས་དགེ་བཅུའི་ལས་ཀྱིས་མཆོད་ལས་ནམ་མཁ




iiif viewer powered by OpenSeadragon

156a - 157a

Texts on this page

Q5 - dpal dus kyi 'khor lo'i rgyud phyi ma rgyud kyi snying po zhes bya ba