| | e-texts navigator
|
142b1 སྲོང་ཅིང་། ། སྟེང་བྱེད་བདག་ཉིད་སེམས་ཀྱི་རྒྱལ་པོ་སོག་ཆགས་རྣམས་ནི་ལས་ལོངས་སྤྱོད་པས་འཇིག་པར་འགྱུར།། སེང་གེ་སྦྲུལ་དང་ནེ་ལེ་སྟག་དང་བྱ་རོག། སྐྱེ་གནས་ཡན་ལག་ལྔ་ཡིས་སྲོག་གཅོད་འགྱུར།། རྒྱལ་པོ
142b2 དང་ནི་སྒྲ་དགྲར་ངམ་བྱེད་དུ་འཇུག་དང་ཡིད་རང་གསུམ་གྱིས་འགྱུར། ། དགེ་སློང་སྙིང་རྗེ་མེད་པས་ལྕེ་ལ་ཤ་ཡིར་མྱོང་རོལ་རྗེས་སུ་ཆལ་བྱེད་ཅིང་།། བདག་ཉིད་གསོད་པ་ལས་སོགས་སྐྱོན་གྱིས་དགེ་སློང་རྣམས་དང་དག
142b3 ཚུལ་ཡང་ནི་དམྱལ་བར་འགྲོ། ། དགེ་སློང་ནད་པ་སྨན་པས་ཤ་བསྣུན་ན་ཡང་བྱ་ཁྭ་རྣམས་ཀྱིས་བསང་བ་དང་།། བ་ཡི་ཚོད་དུ་བསད་དང་མཆོད་སྦྱིན་ཐོག་དང་མེ་དང་ཆུ་དང་མཞུའི་སྐྱོན་གྱིས་ཤི་བ་རྣམས།། སྦྱོར་བ་འདི་རྣམས་མ
142b4 པར་གུར་དགང་དུང་ཚེ་བཟའ་བར་བྱ་བར་གསུངས་པ་རྣམས། ། དགེ་སློང་རྣམས་ལ་ཤ་གང་དེ་ནི་སྟོབས་བཅུ་ལྡན་པས་ནང་འཇོམས་ཕྱིར་ཡིན་འོཚོ་བསྒྲ་མིན།། ཤ་ལས་སོགས་བ་ཟོས་ན་ངེས་པར་ས་ཡི་འོག་ཏུ་ལུས་ཆེན་རྣམས
142b5 སུ་འགྱུར། ། སྲོག་ཆགས་ཡི་དགས་ལས་སོགས་སྐྱེ་གནས་དཀའ་ཐུབ་ཁྱིམ་པ་རྒྱལ་པོ་ངེས་པར་རང་ཁྱིམ་དུ།། གཞན་གྱི་ཁྱིམ་དང་ཆུང་མ་ལོངས་སྤྱོད་དང་ནི་བུ་མོ་གཉེན་འདུན་ཚོགས་དང་རང་ཁྱིམ་རྣམས།། ཤི་བ
142b6 རྣམས་ཀྱི་ལུས་ནི་གང་ཡིན་ཆུང་མ་བུ་དང་བུ་མོ་གཉེན་འདུན་ཚོགས་ནི་གང་། ། འདིར་ནི་རྡོལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཉིད་ནི་རྣམ་པར་བལྟ།། ཐོ་ཡོར་ཀ་ལྔ་པ་དང་རང་གཞན་བྲལ་བ་རྡོ་ཡི་ཐོ་ཡོར་ཕུང
142b7 པོར་འགྱུར། ། ས་སྟེང་གནས་སུ་སྲོག་ཆགས་རྣམས་ཀྱི་རིག་པ་ཉམས་པའི་ལུས་ལའང་ཡོད་པ་ཉིད།། སྲོག་ཆགས་རྣམས་ཀྱི་སྲོག་རྒྱུ་བ་ནི་རང་གཞན་རྣམ་འབྲེལ་ལེགས་པར་སང་ལས་ཤེས།། ཤི་ཟླ་ལ་ཡི་ཉི་མའི
142b8 ཤིང་རྟ་ལས་སོགས་ཕུང་པོ་ཁམས་དང་དབང་པོ་འགྲོ་བ་རྣམས། ། འགྲོ་བའི་གཟུགས་ཀྱི་ཁམས་ལས་སོགས་པ་ཕུང་པོ་ཐམས་ཅད་རྡུལ་ཕྲན་རྣམས་ཀྱི་རྣམ་འགྱུར་ཏེ།། ལོངས་སྤྱོད་བྱེད་པ་རྣམ་པར་རིག་པ་ཙམ་ཏེ།
iiif viewer powered by OpenSeadragon
142a - 143a