| e-texts navigator |
| Wylie |
4a1 བར་ཡང་གྲོགས་སམ། གཉེན་འདུན་དག་ལ་བསྐུལ་ནས་འཛིན་དུ་བཅུག་ན། བསོད་ནམས་འདིའི་དྲིན་དང་འབྲས་བུ་ཚེ་འདི་ཉིད་ལ་རྙེད་པར
4a2 འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས། དམྱལ་བར་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་རྩུབ་མོ་མྱོང་བར་གྱུར་པ་དག་གི་དོན་དུ་ཆོས་འདི
4a3 ལ་ཡི་རང་བའི་བསམ་པས། བཀུར་སྟི་དང་མཆོད་པ་བྱས་ན། དེ་ནས་དེ་དག་གི་ཤེས་པ་དམྱལ་བའི་སྡུག་བསྔལ་ལས་གྲོལ་ཞིང་སྲང་བར་གྱུར་ནས། བདེ་ཅན
4a4 གྱི་འཇིག་རྟེན་དུ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སུ་དག་གདོན་དང་། འབྱུང་པོ་དག་གིས
4a5 ཟིལ་གྱིས་ནོན་པ་འམ། བདུད་དྲག་པོས་སྡུག་བསྔལ་བར་བྱས་པ་འམ། རྨི་ལམ་ངན་པ་རྨིས་པ་འམ། ལྟས་ངན་པ་མཐོང་བར་གྱུར་ཏམ། རང་གི་སེམས་དང་ངས་སྐྲག་པར
4a6 གྱུར་ན། ཆོས་འདི་མཉན་ནས་བརླབས་ཤིང་། ཁོང་དུ་ཆུད་པར་བྱས་ཏེ་མཆོད་ན། བར་ཆད་དེ་དག་ལས་གྲོལ་ཞིང་སྲབས་ནས། དེའི་བློ་དང་སེམས་བདེ་བར་འགྱུར། དེའི་སྐྲག
4a7 བ་དང་། དངངས་པ་ཐམས་ཅད་དུ་ཟད་པར་འགྱུར་རོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སུ་དག་ཇི་ལྟར་རང་གི་རྗེ་དཔོན་དང་ལྷན་ཅིག་ཏུ་འགྲོགས་ནས། མཉེས་ཤིང་གཅེས་པར
4a8 འགྱུར་བར་འདོད་ནས་སྤྱོད་པའི་དུས་སུ་འམ། ཡང་མངག་གཞུག་བྱེད་པར་གྱུར་ན་མི་དེ་ཆོས་འདི་དང་ཕྲད་ནས་རྗེ་སུ་ཡི་རང་བའི་སེམས་ཀྱིས་བཀུར་ཞིང་མཆོད་ན། དེ་ནས་རྗེ་དཔོན