e-texts navigator
Collection
Volume
Page
Wylie

5b1 མེ་ཡི་ཀུན་མཐའ་ཀུན་འབྱུང་མཆོག། མེ་ཡི་ལྷ་ལྔ་འགྲོ་བའི་མགོན།། ཐུགས་རྗེས་རྒྱུད་ལྡན་སྤྲུལ་པས་ཁྱབ།། ཉོན་མོངས་སྒྲིབ་སེལ་དུག་ལྔ་འདུལ།། མེ་ཡི་ལས་ལ་འབྱུང
5b2 བ་འགྱེགས།། སྟོབས་ཆེན་མེ་ཡིས་རྫུ་འཕྲུལ་འགྱེད།། ཀུན་ལྡན་འབྱུང་བ་མེ་ཡི་གཙོ།། གཙོ་བོ་ལྔ་འདུས་མེ་ཡི་ལྷ།། གསོ་བྱེད་མེ་ཡི་ཕུང་པོ་གསོ།། སྐྱེད་བྱེད་མེ་ཡིས
5b3 ཆེ་སྲེག་སྐྱེད།། མདངས་སྟོན་མེ་ཡིས་ལུས་མདངས་བསྐྱེད།། མེ་ལྕེའི་རྒྱལ་པོ་ཨག་ནེ་དེ།། ཨ་རམ་འཕྲུལ་གྱི་ཁྲིལ་བཞུགས།། ཆ་ཆ་འཕྲོ་བའི་སྟོབས་པོ་ཆེ།། སྟོང་།
5b4 པ་ལས་བྱུང་འབྱུང་བ་མེ།། ཀུན་ལ་ཁྱབ་པའི་འབྱུང་བ་མེ།། སྣང་དང་ཉི་མའི་འོད་ཆེན་འབེབས།། འཇིག་རྟེན་ཁམས་གསུམ་དྲོད་སྟོན་པའི།། ཐམས་ཅད་དྲོད་ཀྱི་ངང་ལཱ
5b5 གྲོལ།། རི་རབ་རྒྱ་མཚོ་གསེར་གྱིས།། དེ་དག་ཐམས་ཅད་དྲོད་ལས་འཚོ།། ཆགས་པ་ཆེན་པོ་མེ་ཡི་དྲོད།། ཀུན་དུ་སྣང་བྱེད་མེ་ཡི་འོད།། ཐམས་ཅད་ཀུན་དུ་ཁྱབ་པའི
5b6 མཆོག། སེམས་ཅན་ཉོན་མོངས་མཐའ་དག་གི། མ་ལུས་བག་ཆགས་སེལ་བ་དང་།། སྐྱོན་སྒྲིབ་སྡུག་བསྔལ་འཁོར་བའི་འདམ།། མེ་ལས་གྱུར་པའི་ནང་རྣམས་དང་།།
5b7 ཆད་པའི་ནང་དང་འཁྲུ་ནང་དང་།། བར་ཆད་སྡུག་བསྔལ་རྐྱེན་དང་བྱུང་།། མི་འཕྲོད་པ་ཡི་འཇིགས་པ་དང་།། མི་ཡི་ཚ་དེ་ནད་འཁོར་བའི་དུག། མེ་དུག་མེ་ནད་ཚ་བའི
5b8 ནང་། ལུས་འཇིག་ཕུང་པོ་འཁོར་བའི་བདུད།། ཚེ་ཉམས་དབང་ཟད་རྐུ་བའི་བགེགས།། བགེགས་དང་བགེགས་ཆེན་ལས་ཀྱི་བདུད།། ཉོན་མོངས་འདོད་ཆགས




iiif viewer powered by OpenSeadragon

5a - 6a

Texts on this page

Ng52.146 - gza' skar gsang ba'i zu tse bskol gyi mdo zhes bya ba'i gzungs