| e-texts navigator |
| Wylie |
1a1 རྒྱ་གང་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཏི་ཛྙཱ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
1a2 རྒྱལ་འབྱམས་པ་ལ་ཕྱག་འཚལ་ལོ།། ན་མེ་ཏྣ་ཏྱ་ཡཱ་ཡ། ནམ་ཐག་ས་ཏེ། ཀྵ་སུན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨ་རབ་ཅེས་ཕྱགས་བུང་ཛཱ་ཡ། ཏྱ་ཐཱ། ཨོཾ་ཨ་ཛེཿ། མ་ཛེགས་པར་རྫོ།
1a3 མདྲི་ཨཱ་ཡ། ར་མཆིས་9་ཀར། མང་ས་མ་ཡ་སིད་དྷི། ཐརཿར། མ་བ་དྷིམ་འཐིང་། ས་ཐར། ཨ་མྲག་ས་མ་ལ། བདྷི་བ་དྷི་མ་ཧཱ་ཀྲོ་དྷི་ཀཱརྨཱ
1a4 སྔགས་སོ།། ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། སྙིང་པོའོ། ཨོཾ་མུ་ནཱི་སྨ་ར་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། གང་གཟུངས་འདི་ཉན་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་།
1a5 བསྒོམ་པར་བྱེད་ན། གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན། བདག་གིས་སེམས་ཅན་དེ་ངེས་པར་བཙལ་བར་བགྱིས་ཏེ་དམྱལ།
1a6 བན་གནས་ཀྱང་ངེས་པར་བཏོན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ།། ཐ་ན་དུད་འགྲོའི་སྐེ་གནས་སུ་གྱུར་པའི་རི་དགས་དང་། བྱ་རྣམས་ཀྱི་རྣ་ལམ་དུ་སྒྲོག
1a7 པར་བྱེད་ན། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པོ།། འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ།། ངན་སོང་གི་དྲི་མས་མི
1a8 གོས་སོ།། མའི་མངལ་དུ་ཡང་མི་སྐྱེད་འོ།། ལྷའི་བསྐལ་པ་ཁྱོང་དུ་འཁོར་ལོ་འགྱུར་བའི་རྒྱལ་པོར་འགྱུར་རོ།། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ།། ཇི་ལྟར་བསམས་ཤིང་དོན།