e-texts navigator
Collection
Volume
Page
Wylie

4a1 །། ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོའི་བར་དུ་བྱེམས་ཡོངས་སུ་གང་བར་གྱུར་ལ། དེ་ནས་མེ་ལ་ལ་ཞིག་གིས་བྱེ་མ་དེ་ལས་འབྲུ་རེ་རེ་ནས་བླངས
4a2 ཤིང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་འབྲུ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱི་བྱེ་མ་དེ་ཐམས་ཅད་ཤར་ཕྱོགས་སུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས
4a3 པར་གྱུར་ཀྱང་། སངས་རྒྱས་ཀྱི་ཞིང་དེ་དག་གིས་ཚང་དམ་མཐའ་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད
4a4 པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་ཡོད་དོ།། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟ་མཉམ་པར་གྱུར་པ། རིན་པོ་ཆེ་སྣ་བདུན་གྱིས
4a5 ལེགས་པར་བརྒྱན་པ། གསེར་གྱི་ས་གཞིར་འདུག་ཅིང་མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པས་བརྒྱན་པ། སེམས་ཅན་དམྱལ་བ་དང་། དུད་འགྲོ
4a6 སྐྱེ་གནས་དང་ཡི་དགས་དང་ལྷ་མ་ཡིན་གྱི་ཚོགས་མེད་པ། རྩཝ་དང་ཤིང་སྐམ་དང་། ཚེར་མ་དང་རྡོ་དང་། གསེག་མ་དང་གྱོ་མོ་དག་མེད་པ། ངམ་གྲོག་དང་གཡང་ས
4a7 དག་མེད་པ། མེ་ཏོག་སེལ་མ་དག་བཀྲམ་པ་ཡིན་ཏེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་ཞེས་བྱ་བ་ད
4a8 བཞུགས་ཤིང་འཆོལ་གཞེས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཅིང་། བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ། རིག་པ་དང་ཞབས་ས་ལྡན་པ། བདེ་བར་གཤེགས།




iiif viewer powered by OpenSeadragon

3b - 4b

Texts on this page

Ng52.131 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo