e-texts navigator
Collection
Volume
Page
Wylie

3b1 གཞོན་ནུ་ཁྱོད་འདི་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་པལ་པོ་ཆེའི་དོན་དང་། ལྔ་དང་།
3b2 མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་དང་། ད་ལྟ་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཞུག།
3b3 ཏེ། གཞོན་ནུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཞུ་བར་སེམས་པ་ལེགས་སོ།། གཞོན་ནུ་ཁྱོད་ཀྱི་ཞུ་བ་བཟང
3b4 སྡེ་སྤོབས་པ་དགེ་བའོ།། དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ།། སེམས་རྩེ་གཅིག་ཏུ་རྣ་བ་བླགས་ཏེ་སེམས་བསྡུས་ལ།
3b5 སོམས་ཤིག་དང་། དོན་དེངས་ཁྱོད་ལ་བཤད་དོ།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས།
3b6 བཅོམ་ལྡན་འདས་ཀྱི་ལྷར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས
3b7 ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མྱ་ངན་མེད་ཅེས་བྱ་བ་ཞིག
3b8 ཡོད་དོ།། འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་དེ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་འདས་པ་ན་ཡོད་ཅེ་ན། གཞོན་ནུ་དཔེར་ན་སྟོང་གསུམ་གྱི་སྟོང




iiif viewer powered by OpenSeadragon

3a - 4a

Texts on this page

Ng52.131 - 'phags pa rin chen zla bas zhus pa zhes bya ba theg pa chen po'i mdo