| e-texts navigator |
| Wylie |
3a1 ཤེང་གསལ་ལ་རྙོག་པ་མེད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་གསེར་གྱི་མཆོད་སྡོང་ལྟར
3a2 གས་པ། དཔལ་ཀྱིམ་ག་ཤེས་ས་པ། ནན་ཡང་ག་ཤེགས་པ་མང་།། ཡངས་ཀྱང་མ་ལ་གྱུརས། སྐྱེ
3a3 སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག
3a4 ཏུ་འདུག་གོ།། བཅོམ་ལྡན་འདས་ལ་ཞེས་དང་བཅས། གུས་པ་དང་བཅས་པས་ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས
3a5 བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས
3a6 ཀྱི་བུ་མོ་དད་པ་ཅན་གང་དག་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་དག་གི་མཚན་ཐོས་ན། བླ་ན་མེད་པ
3a7 ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུ་བཅོམ་ལྡན་འདས་ཀྱི་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ།།
3a8 སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་རྣ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་ལེགས་སོ་ལགས་སོ།།