| e-texts navigator |
| Wylie |
2a1 བརྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས་གསུམ་རྣམ་པར་གནོན་པ་དང་། བྱང་ཆུབ
2a2 སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ
2a3 དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
2a4 པོ་དགའ་སྡུག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་དགུ་ཁྲི་དང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ
2a5 ཕྲག་དུ་མ་དག་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གཡོག་འཁོར་བུམ་ཕྲག་དུ་མ་དང་བཅས་པ
2a6 དང་། མི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་གཡོག་ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མ་དང་བཅས་པ་དང་། ཀླུའི་རྒྱལ
2a7 པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང་། ཁབ་སྤུ་ཅན་དང་། རྩི་སྨན་དང་བོང་བུ་དང་། དེ་དག
2a8 ཀླུའི་རྒྱལ་པོ་ཀུན་དུ་གྲགས་དང་། དེ་དག་ལ་སོགས་པ་ཀླུ་འདྲ་ཐབ་དུ་མ་དག་གནོད་སྦྱིན་གྱི་སྡེར་པོར་ཆེན་པོ་འབྲོག་གནས་དང་།།