e-texts navigator
Collection
Volume
Page
Wylie

8a1 ཡིན་པ་དེ་དག་ཐམས་ཅད་འབྱང་བར་འགྱུར་རོ།། འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག
8a2 འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་བར་རྫོགས་པའི་སངས་རྒྱས་འཕགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ
8a3 སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། བི་རི་བི་རི། ཧུ་རུ་ཧུ་རུ། བཻ་རོ་ཙན་རཤྨི་སཙྪེ་དི་ཏ་ཨཱ་གཙྪ། ཨཱརྱ་ཨཱ་ཀྵ
8a4 ཤ་གརྦྷ་མ་ཧཱ་ཀཱ་རུ་ཎི་ཀཱ་པཱུ་ར་ཡ་ཧ་ཤཱ་ན། དྷ་ར་ཡ་བུདྡྷ་བིཥྚ་ཡ་ན། ཙ་ར་ཙ་ར་ཙི་རི་ཙི་རི་སྭཱ་ཧཱ། བཏོན་པས་འགྲུབ་སྟེ། མཚོན་ཆ་དང་། མེ་དང་། ཆུ་དང་། ཆུ་དང་། དུག་དང་། དུག
8a5 སྦྱར་མ་དང་། བྱད་སྟེམ་རྣམས་ཀྱིས་མི་ཚུགས་སོ།། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པ་ཐམས་ཅད་ཀྱིས་ཀླགས་མི་རྙེད་དོ།། གང་དུ་བྲིས་ཏེ་བཞག་པ་དེར་ཡམས་ཀྱི་ནད་དང
8a6 གནོད་པ་དང་། བགོ་བའི་ནད་ཐམས་ཅད་མི་འབྱུང་བར་འགྱུར་རོ།། དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ།། འཕགས་པ་རྣམ་པར་སྣང་མཛད་ཀྱི
8a7 སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
8a8 རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ནས




iiif viewer powered by OpenSeadragon

7b - 8b

Texts on this page

Ng52.10 - 'phags pa shAkya thub pa'i snying po'i gzungs
Ng52.11 - 'phags pa rnam par snang mdzad kyi snying po'i gzungs
Ng52.12 - 'phags pa 'od dpag med mthong ba'i gzungs
Ng52.13 - zla 'od kyi mtshan rjes su dran pa'i gzungs