| e-texts navigator |
| Wylie |
6b1 གྱི་སྣང་བ་སྟེ།། ཐབས་མངའ་ཕུན་སུམ་ཚོགས་ལྡན་པ།། རྫུ་འཕྲུལ་རོལ་པའི་ཐབས་དང་ལྡན།། ཆོས་ཀྱི་གར་སྟབས་སྟོན་པ་པོ།། རབ་སྟོན་ཡོན་ཏན་སྒྱུར་མཛད་པ།། སྤྱོད།
6b2 པ་མ་ལུས་འདུལ་བར་མཛད།། ཡོངས་སུ་རྫོགས་པ་རྣམ་པར་དག། སངས་རྒྱས་སྤྱོད་ཡུལ་རྣམ་སངས་རྒྱས།། བགེགས་བྱེད་མ་ལེགས་བྱེད་པ་བཅོམ།། བདུད
6b3 ཀྱི་དྲེགས་པ་སེལ་བར་མཛད།། གཡུལ་ངོར་རྣམ་པར་རྒྱལ་བ་བརྙེས།། དཔའ་བོ་ཆེན་པོ་ཕམ་མེད་སྟོབས།། ཐེག་པ་ཆེན་པོ་ཤིང་རྟ་བཅིབས།། བློ་ཆེན་རྒལ་བར
6b4 དཀའ་བ་ཡི།། ཉོན་མོངས་རྒྱ་མཚོའི་ཕ་རོལ་གཤེགས།། ཐེག་པ་ཆེན་པོའི་ཚུལ་ལ་གནས།། ཐེག་པ་མཆོག་ལ་ལོངས་སྤྱོད་པ།། ཉན་ཐོས་འདས་པའི་སྤྱོད་ཡུལ་ཅམ
6b5 རང་རྒྱལ་ལས་ཀྱང་འདས་པ་སྟེ།། སངས་རྒྱས་ས་ཡི་འབྲས་བུར་གནས།། གོང་ནས་གོང་དུ་ཁྱད་པར་མཁྱེན།། ཁྱོད་ནི་ན་མཁའི་གནས་ན་བཞུགས།། བདེ་འབྱུང་ས
6b6 དང་ཞིང་རྣམས་ཀྱི།། མཚོ་ཆེན་དག་ལ་ལོངས་པར་སྤྱོད།། སངས་རྒྱས་དབང་པོ་རྒྱས་པ་ལ།། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས།། དེ་ལ་ལྷ་སོགས་ཚོགས
6b7 རྣམས་ཀྱིས།། ཕྱག་བྱས་མགོ་སྤང་ཕྱོགས་གཅིག་འཁོད།། དེ་ནས་དཀྱིལ་འཁོར་ཆེན་པོ་ན།། གནས་པ་མ་ལུས་ཆེམ་མེར་འཁོད།། ཐོད་དུ་རྡོ་རྗེའི་ཐོད་འཆིང་བ།
6b8 ལངས་ནས་ཅོད་པན་རབ་ཏུ་གཡོས།། དཀྱིལ་འཁོར་མཐོན་པོ་ཐམས་ཅད་དུ།། སྐད་བེར་ཆེན་པོས་ཡོངས་བཀང་ནས།། ནོར་བུའི་རྒྱན་ནི་རྣམ་གཡེ་ཞིང་།