| e-texts navigator |
| Wylie |
2b1 རྡོ་རྗེའི་དཀྱིལ་འཁོར་པོ་བྲང་ན།། ཐུབ་པའི་ལོངས་སྤྱོད་ས་གཞི་ལ།། སེང་གེའི་ཁྲི་ཆེན་ཡངས་ལ་བཞུགས།། ནོར་བུ་དབྱིག་གི་ས་གཞི་དང་།། ཁྲི་ཆེན་རབ་སྦ་དེ་ཉིད་ལ།།
2b2 དེ་བཞིན་གཤེགས་པ་དགྱེས་ཆེན་གྱིས།། ཕུན་སུམ་ཚོགས་པ་རྒྱན་ཀོ་ལྷ།། ཐུབ་པ་མེ་ཟླ་ནོར་བུའི་འོད།། ཉི་ཟེར་ནོན་པའི་འོད་ལྡན་པ།། བདེ་བླག་ཤིན་ཏུ་བཀྲ་ཤིས
2b3 ཚུལ།། འོད་གསལ་སྐྱིལ་མོ་ཀླུངས་བཅས་ནས།། སྐུ་འོད་འབར་བའི་དཀྱིལ་འཁོར་ཅན།། འོད་གསལ་རྒྱས་པས་ཐུབ་དབང་གི། དྲི་མེད་འོད་ཟེར་བཀྱེ་བ་ནི།།
2b4 མི་གཡེ་རྡོ་རྗེ་ཅན་ཞེས་བྱ།། དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡི།། རྡོ་རྗེ་ཅན་དག་རབ་བཏུལ་བ།། གང་ཡིན་དེ་ཀུན་དག་བྱས་ནས།། དཀྱིལ་འཁོར་དྲི་མེད་སྐོར
2b5 བར་བྱེད།། ངན་སེང་དམ་ཚིག་དྲི་མ་ཀུན།། ལེགས་པར་ཤིན་ཏུ་དག་བྱས་ནས།། སྲིད་གསུམ་དཀྱིལ་འཁོར་རྒྱ་ཆེ་བ།། རྣམ་པ་དུ་མར་འོད་གསལ་བ།། འགྲོ
2b6 དང་མི་འགྲོ་མ་ལུས་པ།། བསྐོར་ནས་བདེ་ཆེན་རྡོ་རྗེ་ཅན།། རྡོ་རྗེ་རལ་གྲི་ཐོགས་པ་དེ།། ཅོད་པན་མ་གཡོས་ནང་དུ་ཞུགས།། དེ་ནས་འཇིགས་པའི་སྒྲ་སྐད་ཀྱིས།།
2b7 འགེངས་ཤིང་མིག་ནི་གློག་ལྟར་འགྱུ།། རིག་སྔགས་ཧཱུཾ་ཞེས་སྒྲོགས་པ་པོ།། རྡོ་རྗེ་འཇིགས་བྱེད་འཇིགས་བྱེད་པ།། བཞིན་མཛེས་འཛུམ་གྱིས་རྣམ་པར་བརྒྱན།།
2b8 བསྡིགས་བྱེད་མིག་རྩ་རྒོད་རྒྱུར་ཅིང་།། སྟན་ལས་ལངས་ཏེ་ཕྱག་འཚལ་ནས། ལེགས་པར་མཆོད་བྱས་སྨྲས་པ་ནི།། ཀྱེ་མ་སྐྱེ་བའི་ཕྱོགས་འཇོམས་ཤིང་།། བསྐལ