| e-texts navigator |
| Wylie |
3a1 ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲེ། དྷུན་དྷུ་ན་འཛྲ། ཧན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱར?།
3a2 འཛྲ། ཙིནྟཎྜི་ནྟ་བཛྲ། བྷིཊྚ་ཤྲཱི་རྦཱ་བཛྲ་དྷ་པཿ། ནམ་རྦྷ་བཛྲ་གྲྀ་དྷ་ས། བུ་ལུ་ཐཱཐཱ། ཏཱཾ་ཏེཥ། བཅཝ་བཏྟ། གན་ཏ་ན། ཨརྦ་ཏི་ཧཱུཾ་\ུ0f7f།། སྡིག་པ་ཐམས་ཅད་བྱང་བྱས་ནས།
3a3 སྡུག་བསྔལ་ཐམས་ཅད་མེད་པར་བྱེད།། རྒྱུད་དེ་ཅོག་གི་རྩ་བ་སྟེ།། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན།། སེམས་ཅན་དབང་པོ་ཉམས་པ་དང་།། ཚེ་ཟད་པ་དང་ཚེ་ཉམས་དང་།
3a4 ཕུན་སུམ་ཚོགས་མིན་གང་ཆགས་དང་།། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། མཛའ་སྡུག་སྐྱེ་བོ་སྡང་བ་དང་།། བྲན་བཟའ་ལ་སོམ།
3a5 གཅེས་པ་དང་།། ཕན་ཚུན་མཐུན་པ་མ་ཡིན་དང་།། ནོར་འགྲིབ་པས་ནི་གནོད་པ་དང་།། མྱ་ངན་ངལ་དང་གནོད་པ་དང་།། འཇིགས་པ་དང་ནི་ཕོངས་པ་དང་།། གཟའ་དང་རྒྱུ
3a6 སྐར་བྱད་སྟེམས་དང་། མི་བཟང་གདོན་གྱིས་ཉེན་པ་དང་།། མྱ་ངན། ངལ་ལས་བྱུང་བ་ཡི།། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེ་ནི་རབ་བཀྲུས་གཙང་མ་ཡིས།། མདོ་སྡེ
3a7 དམ་པ་མཉན་པར་བྱ།། གང་དག་ཡིད་དགེ་སེམས་དང་ཞིང་།། གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།། མདོ་སྡེ་འདི་ནི་ཉན་བྱེད་ན། མདོ
3a8 སྡེ་འདི་ཡི་གཟི་བརྗིད་ཀྱིས།། སྲོག་ཆགས་དག་ནི་ཐམས་ཅད་ཀྱི།། མི་བཟད་པ་ཡི་ནད་རྣམས་ཀྱང་།། དེ་དག་ཐམས་ཅད་ཞི་བར་བལྟ།། ཚེ་དང་བསོད་ནམས་རྣམ