| e-texts navigator |
| Wylie |
6a1 དྷེ་བུད་དྷེ། བུད་དྷ་བ་ཏི། བུད་དྷ་ཨ་བ་བྷ་ས་ནི། དྷ་མ་བ་ཏི། ས་མཱ་ཧཱི་ཏེ། ས་བཱ་དྷི་གརྦྷེ། བུད་དྷ་ཨ་བ་བྷེ་ས་ནི། བུད་དྷ་པ་རི་ཧི་ར། དྷ་ར
6a2 ཨ་བ་བྷ་ས་ནི་སྭཱ་ཧཱ། སུ་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འདའ་བར་བགྱིད་པ་དེའི་མགོ་སིད་དྷ་ཀའི་འབྲས་བུ་བཞིན་དུ་ཚལ་བ་བདུན
6a3 དུ་འགས་སོ།། སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་འཆང་ངམ། ཀློག་གམ། མཆོད་པར་བགྱིད་དམ། ཡི་གེར་འདྲ་འམ། གླེགས་བམ་ལ་བྲིས་ཏེ
6a4 གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་འཁོར་ཏམ། གཙུག་ལག་ཁང་དུ་འཇོག་ན་དེར་བདག་ཚོགས་ཀྱི་གཡོག་དང་བཅཝ
6a5 ཤིང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་སྔགས་འཛིན་པ་དེའི་སྲད་བཞིན་དུ་འབྲངས་ཏེ་བསྲུང་བར་བགྱིའོ།། དཔག་ཚད
6a6 བརྒྱད་སྟོང་ཚུན་ཆད་མཚམས་དགུམ་པར་བགྱིའོ།། སླར་རྒོལ་བ་དང་། དགྲ་དང་གཡུལ་འགྱེད་པ་དང་། འཐབ་པ་དང་། འཚང་འབྲུ་བ་དང་། འཐབ་མོ་དང་།
6a7 འགྱེད་པ་ཐམས་ཅད་མ་མཆིས་པར་བགྱིའོ།། སླར་བཟློག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ
6a8 བ་བྱིན་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ།། སེམས་ཅན་ཆེན་པོ་ཁྱོད་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་། འཇིག་རྟེན་ཐམས་ཅད་ལ་བདེ་བ་དང་།