e-texts navigator
Collection
Volume
Page
Wylie

5b1 བ་རེ་དེ་སྭཱཧཱ། ཛ་ཡ་ལ་དྷ་ནེ་སྭཱཧཱ། ཛ་ཡ་མཱ་ན་སི་སྭཱཧཱ། ཛ་ཡ་བི་ཛ་སྭཱ་ཧཱ། ཛ་ཡ་ཏ་བཛྲ་ཡ་སྭཱཧཱ། བཛྲ་ཧུཏ་ཤ་ན་ཡ་སྭཱཧཱ། ཨ་མོ་གྷ་བཛྲ་ཧ་སྟ་ཡ་སྭཱ་ཧཱ། དེ་ནས་རྒྱལ
5b2 པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད
5b3 ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་བསྲུང་བ་སྩལ་བར་བགྱི། ཡོངས་སུ་སྒྲུབ་པ་དང་། ཡོངས་སུ་བཟུང་བ་དང་། ཆད
5b4 པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་དགུམ་པ་དང་། མི་འཛའ་བ་དགག་པ་དང་། དུས་མ་ཡིན་པར་འགུམ་པ་དགག་པ་དང་། འཐབ་པ་དང་། འཐབ་མོ་དང་།
5b5 རྩོད་པ་དང་། འགྱེད་པ་དང་། གཡུལ་འགྱེད་པ་དང་། ཁྲག་འཁྲུག་དང་། འཇིགས་པ་ཐམས་ཅད་དགག་པར་བགྱིའོ།། མཚམས་དགུམ་པར་བགྱིའོ།། ཏདྱཥཱ།
5b6 ཛ་ཡེ་ཛ་ཡེ་ཛ། མཏྣ་ཛ་ཡེ། མཱི་ལཱི་མཱ་ན་སི། དྷེ་དྷེ་ཛྱེ་མུ་རུ་མུ། ཏུ་ཊུ་ཏུ་ཊུ། མུ་མུ་ལེ། མཱརྒ་པ་ཏི། དྷུ་དྷ་མེ། བེ་ག་པྲེ་ག་དྷ་རིཏྟི། ཏི་ཛ་བ་ཏི། བདག་དང་སེམས
5b7 ཅན་ཐམས་ཅད་འཇིགས་པ་དང་། གནོད་པ་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། བཅོམ་ལྡན་འདས
5b8 གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ་བྱིན་གྱིས་བརླབས་པ་ལགས་སོ།། ཏདྱ་ཐཱ། བུད་དྷེ་བུང




iiif viewer powered by OpenSeadragon

5a - 6a

Texts on this page

Ng52.46 - 'phags pa rgyal ba can zhes bya ba'i gzungs